23630

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་སྐྱེས་དམར་བབས་ (1)
Part of speech མིང་ཚིག
Definition སྨེ་བ་དཀར་གསུམ་ལས་གང་རུང་ཞིག་གནམ་སྨེ་ཡིན་ལོ་དེར་སྐྱེས་པའི་བརྩི་བྱ་དག་གི་བབས་སྨེ་དམར་གཉིས་ལས་གང་རུང་ཞིག་གི་སྟེང་དུ་བབས་པ་ལ་ཟེར་བ་དེ་ཡིན། དེ་ལས་བདུན་དམར་བཙན་གྱི་མེ་ལོང་སྟེང་དུ་བབས་ན་དམར་ཐབ་དང་། ཧོམ་བསྲེག རྫ་མ་སོ་མ། མགར་ཚང་བཅས་ལ་འཛེམ་དགོས། གལ་སྲིད་ན་ན་རི་དྭགས་ཤས་ལན་པར་བཤད། དགུ་དམར་མ་མོའི་མེ་ལོང་སྟེང་དུ་བབས་ན་ཟས་ནོར་ཟད་ཅིང་ཉམས་གྲིབ་དང་མི་གཙང་བ་ལ་འཛེམ་དགོས། གལ་སྲིད་ན་ན་མ་མོའི་བསྐང་མདོས་བྱ་དགོས།
Domain རྩིས་རིག