23646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀུ་ (1)
Part of speech མིང་ཚིག
Definition གསུས་པ་སྟེ། གྲུབ་པ་ལུས་ཀྱི་སྐབས་ཕོ་བའམ་གསུས་པ་ལ་གོ་སྟེ།
Example འདུལ་བ་མཚོ་ཆེན་ལས། དཀུ་ནི་གསུས་པ་སྟེ་སྦྲུམ་མའི་ལྟོ་བ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་བུད་མེད་བསད་དོ་སྙམ་པ་ལས། མངལ་གྱི་བུ་ཤི་བ་ལྟ་བུ་སྟེ། གང་བསད་པར་བསམ་པ་ཤོས་མ་ཤི་བར། གང་བསད་པར་མ་བསམས་པ་ཤོས་དེ་ཤི་ན་སྦོམ་པོའོ། །ལྟ་བུ།
དཀུ་ (2)
Part of speech མིང་ཚིག
Definition བྱང་ཁོག་རྨ་གསོ་བའི་སྐབས་སྟ་ཟུར་དཀུ་སྟེ་དཔྱི་མགོ་ལ་འཇུག
དཀུ་ (3)
Part of speech མིང་ཚིག
Definition འགྲམས་ཚད་ཀྱི་སྐབས་བསམ་སེ་དང་བུ་སྣོད་ལ་འཇུག
དཀུ་ (4)
Part of speech མིང་ཚིག
Definition དྲི་མ་དཀུ་ཞེས་པའི་དཀུ་ནི་དྲི་མི་ཞིམ་པའི་དོན་ཡིན།
དཀུ་ (5)
Part of speech མིང་ཚིག
Definition ལྟེ་བ་ནས་དཔྱི་མགོའི་བར་གྱི་ཆ་ཤས།
དཀུ་ (6)
Part of speech མིང་ཚིག
Definition ཟུར་རམ་ལོགས་ཀྱི་དོན་ཏེ།
Example དཀུ་ན་བཞུགས་པ་ལྟ་བུ།
དཀུ་ (7)
Part of speech མིང་ཚིག
Definition ལྷག་པའམ་ལུས་པའི་དོན་དུ་འཇུག་པར་བཤད།
དཀུ་ (1)
Part of speech བྱ་ཚིག
Definition སྣུམ་དང་ཚོན་སོགས་བྱུགས་པ་དང་གཅིག་ནས་གཅིག་ཏུ་བརྒྱུད་པའི་དོན་ཏེ།
Transitive བྱ་བྱེད་ཐ་དད་པ།
Future [དཀུ།, ཀོ་མཉེད་ན་སྣུམ་དཀུ་དགོས།]
Present [དཀུ།, སྣུམ་དཀུ་མཁན་གྱི་མཉེད་པ།]
Past [དཀུས།, ཀོ་བ་ལ་སྣུམ་དཀུས་ཟིན།]
Imperative [དཀུས།, ཀོ་གྱོང་ལ་སྣུམ་དཀུས་ཤིག་ལྟ་བུ།]
དཀུ་ (2)
Part of speech བྱ་ཚིག
Definition འབད་མེད་ངང་གིས་འབབ་པའམ་ལྷུང་པའི་དོན།
Transitive བྱ་བྱེད་ཐ་མི་དད་པ།
Future [དཀུ།, ཁྱེད་དང་ཁ་གྱེས་ན་མཆི་མ་དཀུ་ངེས་ཡིན།]
Present [དཀུ།, བྱིས་པས་མཆི་མ་དཀུ་བཞིན་གདའ།]
Past [དཀུས།, བྱ་ཐབས་མེད་ན་མཆི་མ་དཀུས་ཀྱང་མི་ཕན།]