23663
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། དཀོན་ཅོག་བཞི་པ་ནི་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཏེ། དཀོན་ཅོག་འགྲེལ་ལས། གསང་སྔགས་ཀྱི་ཚུལ་ལས་ནི། རྡོ་རྗེ་སློབ་དཔོན་དཀོན་ཅོག་བཞི་པར་བཤད་པ་ཡང་ཡོད། སངས་རྒྱས་དང་མཉམ་པར་བཤད་པ་ཡང་ཡོད། ལྷག་པར་བཤད་པ་ཡང་ཡོད། དེ་ལ་དཀོན་ཅོག་བཞི་པར་བཤད་པ་ནི། འདི་སྐད་དུ། (རྡོ་རྗེ་རྩེ་མོ་ལས། )སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་དཔོན་ཡང་ནི་ཕྱི་མ་ཡིན། །དཀོན་ཅོག་བཞི་ཡི་སྦྱོར་བ་ཡིས། །ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས། |
| Domain | ཆོས་ལུགས། |