23664

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་ཅོག་བརྩེགས་པ་ (1)
Part of speech མིང་ཚིག
Definition བསྟན་པ་སྔ་དར་གྱི་སྐབས་སུ་བསྒྱུར་བའི་ཐེག་པ་ཆེན་པོའི་མདོ་ཞིག་སྡེ་ཤིན་ཏུ་རྒྱས་པ་འཕགས་པ་དཀོན་ཅོག་བརྩེགས་པ་ལེའུ་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་ཞིག་སྟེ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ། པྲཛྙཱ་བརྨ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བཅས་ཀྱི་ཕལ་མོ་ཆེ་བསྒྱུར་བ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བན་དེ་དཔལ་བརྩེགས་རཀྵི་ཏ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་པོ་དྷི་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཀ་མ་ལ་ཤཱི་ལ། ཨཱཪྻ་དྷརྨ་ཏཱ་ཤཱི་ལ་བཅས་ཀྱིས་ཀྱང་མདོ་ཚན་འགའ་བསྒྱུར། ལོ་ཙྪ་བ་འགོས་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་ཚན་པ་གཉིས་ཙམ་བསྒྱུར་བ་དང་། འགྱུར་བྱང་མ་འཁོད་པའི་མདོ་ཚན་འགའ་ཡང་བཞུགས་པ་བཅས་སོ། །