23673

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ངེས་ཚིག་གི་སྒོ་ནས་བཤད་ན། རྒྱུད་བླ་མར། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པ་ལྟར། ཡིད་བཞིན་གྱི་ནོར་བུ་འཇིག་རྟེན་ན་འབྱུང་བ་དཀོན་པ་ལྟར་དཀོན་མཆོག་ཉིད་ཀྱང་འབྱུང་བ་དཀོན་པ་དང། ནོར་བུ་གཡའ་ལ་སོགས་པའི་དྲི་མ་མེད་པ་ལྟར་དཀོན་མཆོག་ཉིད་ཀྱང་ཉེས་པའི་དྲི་མ་མེད་པ་དང། ནོར་བུར་དབུལ་བ་སེལ་བའི་མཐུ་དང་ལྡན་པ་ལྟར་དཀོན་མཆོག་ཉིད་ཀྱང་གདུལ་བྱའི་སྡུག་བསྔལ་སེལ་བའི་མཐུ་དང་ལྡན་པ་དང། ནོར་བུ་འཇིག་རྟེན་གྱི་རྒྱན་ཡིན་པ་ལྟར་དཀོན་མཆོག་ཉིད་ཀྱང་ཐར་པ་དོན་གཉེར་གྱི་རྒྱན་ཡིན་པ་དང། ནོར་བུ་རྒྱན་གྱི་མཆོག་ཡིན་པ་ལྟར་དཀོན་མཆོག་ཉིད་ཀྱང་སྐྱབས་གནས་གཞན་ལས་མཆོག་ཡིན་པ་དང། ནོར་བུ་བསྟོད་སྨད་སོགས་ཀྱི་སྒོ་ནས་གཞན་དུ་མི་འགྱུར་བ་ལྟར་དཀོན་མཆོག་ཉིད་ཀྱང་དེའི་སྒོ་ནས་གཞན་དུ་མི་འགྱུར་བའི་ཕྱིར་དཀོན་མཆོག་གོ །
Domain ཆོས་ལུགས།