23680

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་གསུམ་པོ་ནི་ཡིད་བཞིན་ནོར་བུ་དང་ཆོས་མཚུངས་པའི་ཡོན་ཏན་དྲུག་ (1)
Part of speech མིང་ཚིག
Definition ༡ འབྱུང་བ་དཀོན་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣོད་བཅུད་སྐལ་བ་ཕུན་སུམ་ཚོགས་པའི་དུས་འགའ་རེ་ལ་འབྱུང་གི་གཞན་དུ་མི་འབྱུང་བས་འབྱུང་བ་ཤིན་ཏུ་དཀོན་པ་ལྟར། དཀོན་མཆོག་གསུམ་པོ་ཡང་གདུལ་བྱའི་བསོད་ནམས་དང་སྨོན་ལམ་ཁྱད་པར་ཅན་འཛོམས་ན་འབྱུང་གི་དེ་ལས་གཞན་དུ་མི་འབྱུང་བས་འབྱུང་བ་དཀོན་པ། ༢ དྲི་མ་མེད་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་གཡའ་ལ་སོགས་པའི་ཉེས་སྐྱོན་གྱི་དྲི་མས་མ་གོས་པ་བཞིན་དུ་དཀོན་མཆོག་གསུམ་ཡང་ཉེས་པའི་དྲི་མས་མ་གོས་པས་དྲི་མ་མེད་པ། ༣ མཐུ་དང་ལྡན་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་རྒྱལ་ཁམས་དབུལ་ཕོངས་སེལ་བའི་མཐུ་དང་ལྡན་པ་ལྟར། དཀོན་མཆོག་གསུམ་ཡང་གདུལ་བྱའི་སྡུག་བསྔལ་སེལ་བའི་མཐུ་དང་ལྡན་པས་མཐུ་ལྡན་པ། ༤ འཇིག་རྟེན་གྱི་རྒྱན་དུ་གྱུར་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཇིག་རྟེན་གྱི་རྒྱན་ཡིན་པ་ལྟར། དཀོན་མཆོག་གསུམ་ཡང་ཐར་པ་དོན་གཉེར་བ་རྣམས་ཀྱི་རྒྱན་ཡིན་པས་འཇིག་རྟེན་གྱི་རྒྱན་ཡིན་པ། ༥ མཆོག་ཉིད་ཡིན་པ་ནི། ཡིད་བཞིན་ནོར་བུ་རིན་པོ་ཆེ་དེ་འཇིག་རྟེན་པའི་རྒྱན་གྱི་མཆོག་ཡིན་པ་ལྟར། དཀོན་མཆོག་གསུམ་ཡང་སྐྱབས་གནས་གཞན་ལས་མཆོག་ཏུ་གྱུར་པས་མཆོག་ཏུ་གྱུར་པ། ༦ འགྱུར་བ་མེད་པ་ནི། ཡིད་བཞིན་ནོར་བུ་རིན་པོ་ཆེ་དེ་ལ་བསྟོད་སྨད་སོགས་ཀྱིས་རྣམ་པར་འགྱུར་བ་མེད་པ་ལྟར་དཀོན་མཆོག་གསུམ་ཡང་རྣམ་པར་གྱུར་པའི་རང་བཞིན་ཅན་མ་ཡིན་པས་འགྱུར་བ་མེད་པའོ། །
Domain ཆོས་ལུགས།