23685
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་ ༢༢ པ་དང་། དགའ་ཁྲི་ ༣༩ པ་དཀོན་མཆོག་ཆོས་བཟང་ནི། ཕྱི་ལོ་ ༡༥༨༧ མེ་མོ་ཕག་གི་ལོར་སྟོད་ལུང་ཆུ་བཟང་དུ་སྐུ་འཁྲུངས། འབྲས་སྒོ་མང་དང་རྒྱུད་པར་རིམ་པས་མདོ་སྔགས་གཉིས་ལ་གསན་བསམ་དཔྱིས་ཕྱིན་པར་མཛད། ཕྱི་ལོ་ ༡༦༤༨ ས་ཕོ་བྱི་བའི་ལོར་འཇམ་མགོན་བླ་མའི་གདན་སར་ཕེབས་ལོ་བདུན་བར་ཆོས་འཁོར་བསྐོར། དགུང་ལོ་ ༨༧ ཕེབས་པ། ཕྱི་ལོ་ ༡༦༧༣ ཆུ་མོ་གླང་གི་ལོར། རྒྱལ་བ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་པའི་དངུལ་གྱི་ཆོ་འཕྲུལ་མཆོད་རྟེན་ལི་མ་ལྷ་ཁང་ཤར་གྱི་གཙོ་བོའི་གཡོན་དང་པོར་བཞུགས། |