23686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་ཆོས་འཕེལ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༧ པ་དང་དགའ་ཁྲི་ ༣༥ པ་དཀོན་མཆོག་ཆོས་འཕེལ་ནི། ཕྱི་ལོ་ ༡༥༧༣ ཆུ་མོ་བྱ་ལ་གྲྭ་ནང་དགོན་པའི་ཞོལ་དུ་སྐུ་འཁྲུངས། པཎ་ཆེན་བྱམས་པ་གླིང་པའི་སྐྱེ་བར་གྲགས། ཆུང་ངུ་ནས་གསང་ཕུ་དབྱར་ཆོས་ལ་འགྲོ་ཞེས་སྔོན་གནས་རྗེས་དྲན་གྱི་གསུངས་མང་དུ་བསྩལ་བ་སོགས་དང། ཕྱི་ལོ་ ༡༦༢༧ མེ་མོ་ཡོས་ཀྱི་ལོར་ལྷ་ས་སྨོན་ལམ་གྱི་ཚོགས་དབུ་མཛད་པ་སོགས་ལུགས་གཉིས་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་བཞིན་པ་ནས་དགུང་གྲངས་ ༧༤ ཕེབས་པ་ཕྱི་ལོ་ ༡༦༤༦ མེ་ཕོ་ཁྱིའི་ལོར་གསང་སྔགས་མཁར་ནས་རྗེ་བཙུན་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་ཚུལ་བསྟན་པའི་གདུང་རྟེན་དུ་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་དགའ་ལྡན་ལི་མ་ལྷ་ཁང་ཤར་གྱི་རྟེན་གཙོའི་གཡས་གཉིས་པར་བཞུགས།
དཀོན་མཆོག་ཆོས་འཕེལ་ (2)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༠༩ དཀོན་མཆོག་ཆོས་འཕེལ་ལམ་བློ་བཟང་དཔལ་ལྡན་ནི། མདོ་ཁམས་སྟོད་ཀྱི་སྨར་ཁམས་ཚྭ་ཁ་ལྷོ་གངས་དཀར་བླ་འོག་ཆ་ཤས་སྒོས་སྨད་ཁ་ཚིག་ཞབས་མའི་ཁྱིམ་དུ་ ༡༩༡༤ ལོར་སྐུ་འཁྲུངས་ཤིང། དགུང་ལོ་ ༡༡ ཕེབས་པར་དཔལ་ལྡན་ཟེའུ་འབྲུ་དགོན་དུ་སྒྲིག་ཞུགས་མཛད་དེ་ཡི་གེ་སྦྱོར་ཀློག་གིས་མཚོན་པའི་དགོན་པའི་ཆོ་ག་ཕྱག་ལེན་རྣམས་སྦྱངས་པར་སོགས་མཛད། དགུང་གྲངས་ ༡༤ ཐོག་དགའ་ལྡན་དུ་ཕེབས་ཏེ་དགེ་བཤེས་བློ་བཟང་ཐུབ་བསྟན་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་ལ་གསན་བསམ་དཔྱིས་ཕྱིན་པར་མཛད། ཕྱི་ལོ་ ༡༩༥༡ ལོར་ལྷ་རམས་དམ་འཇོག་མཛད། དེ་ནས་རྒྱུད་སྟོད་དུ་ཞུགས་ནས་སྔགས་ཀྱི་རྩོད་རྒྱུགས་འབུལ་བཞེས་གནང་བར་ཨང་དང་པོའི་མཚན་གནས་བཞེས། དེ་ནས་སྔགས་དམ་འཇོག་ཀྱང་མཛད། ཕྱི་ལོ་ ༡༩༥༥ ལོར། བླ་དབུ་དང་། དེ་ནས་རིམ་བཞིན་མཁན་ཁྲིར་ཕེབས་ཏེ་འཆད་ཉན་སོགས་ལེགས་པར་བསྐྱངས་མུར། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བཙོན་ཁང་དུ་བཅུག་ནས་སྐུ་ཚེ་ཧྲིལ་པོ་བཙོན་ཁང་དུ་བཞུགས་རིང་སྒྲོལ་མ་འབུམ་ ༤༠ བསགས་པ་སོགས་རྐྱེན་ངན་ཆོས་བསྒྲུབ་པའི་ཆ་རྐྱེན་དུ་བསྒྱུར་བཙོན་ཁང་དང་སྒྲུབ་གནས་དབྱེར་མེད་དུ་བྱས་ནས་དགུང་ལོ་དྲུག་ཅུའི་ཐོག་རྗེ་བཙུན་སྒྲོལ་མའི་སྐུའི་སྟངས་སྟབས་དང་བཅས་ཏེ་དགོངས་པ་ཞི་དབྱིངས་སུ་གཤེགས།