23687

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ཕྱི་ལོ་ ༡༧༩༥ ལོར་མདོ་སྨད་བསང་གཞུང་སྤེན་ཆེན་དུ་ཡབ་ཚེ་རིང་དང་། ཡུམ་ཚེ་རིང་ནོར་ཆུང་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་ཡང་སྲིད་དུ་གུང་ཐང་འཇམ་པའི་དབྱངས་ཀྱིས་ཐུགས་ཐག་བཅད། གདན་སར་བཀོད། རབ་བྱུང་བསྙེན་རྫོགས་དང་བཅས་པ་གུང་ཐང་ཚང་ལས་ཞུས། ཆོས་གྲྭར་ཞུགས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ཀུན་མཁྱེན་ཡབ་སྲས་དང་། སྡེ་ཁྲི་རིན་པོ་ཆེ་བཅས་ལས་བཀའ་ཆོས་མང་དུ་གསན། དབུས་གཙང་དུ་ཕེབས། པཎ་ཆེན་བསྟན་པའི་ཉི་མ་ལ་མཇལ། བཀའ་ཆོས་གསན། པཎ་ཆེན་རིན་པོ་ཆེས་རྟེན་སྐལ་དུ་ཙན་དན་གྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་བརྙན་ཁྲུ་གང་ཞིག་གནང། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་བླ་མ་དབུ་མཛད། སྨན་པའི་ཁྲིར་ལོ་གསུམ་མཛད། ཁེ་ཐ་དང་ཆོས་འཁོར་སྒར་གསར་གྱི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་པའི་ཆུ་བྱི་ཕྱི་ལོ་ ༡༨༥༢ ལོར་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲིར་བཞུགས། གདན་ས་ལོ་གཅིག་རིང་བསྐྱངས། རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་མེ་སྦྲུལ་ཕྱི་ལོ་ ༡༨༥༧ ལོར་སྐུ་གཤེགས། བཀྲ་ཤིས་འཁྱིལ་གྱི་གདན་རབས་ཞེ་ལྔ་པ་ཡིན།