23692

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་དམ་ཆོས་ཡར་འཕེལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་ཕག་ཕྱི་ལོ་ ༡༧༧༩ ལོར་མཛོད་དགེ་ནས་སྐུ་འཁྲུངས། དྲུག་པར་ལྷ་ཁང་ལུང་པ་དགེ་འདུན་རྒྱ་མཚོ་ལས་རབ་ཏུ་བྱུང་། འདོན་ཆ་དང་། སུམ་རྟགས་བཅས་སྦྱངས། ཉི་ཤུ་བར་གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། དབུས་གཙང་དུ་ཕེབས། རྭ་སྒྲེང་དང་། བྲག་གཡེར་བ། དགའ་ལྡན་གསེར་གདུང་ཆེན་མོ་སོགས་ལ་མཇལ། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང། པཎ་ཆེན་དཔལ་ལྡན་ཡེ་ཤེས་རྣམ་གཉིས་ལ་ཆོས་འབྲེལ་ཞུས། མདོ་སྨད་རྒྱལ་མོ་བསམ་གྲུབ་གླིང་དུ་སེར་སྐྱ་མང་ཚོགས་ལ་རིགས་ལུང་མན་ངག་རྒྱ་ཆེན་པོ་གནང་། བཀྲ་ཤིས་འཁྱིལ་དུ་ཕེབས། གངས་ཅན་གྱི་རིག་གནས་མ་ལུས་ཁྲིད་པ་དང་། རིགས་གྲྭ་དཔོན་སློབ་ལས་སྙན་ངག་ཁྲིད་གསན། ལྔ་བཅུའི་ནང་རབ་བྱུང་བཅུ་བཞི་པའི་ས་གླང་ལོ་ཕྱི་ལོ་ ༡༨༢༩ ཡན་མན་དུ་སྐུ་གཤེགས། གསུང་རྩོམ་ནི། གུང་ཐང་འཇམ་པའི་དབྱངས་ཀྱི་རྟོགས་བརྗོད་ཆོས་དུང་དཀར་པོའི་སྒྲ་དབྱངས་དང་། རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར་མཁས་གྲུབ་རྒྱ་མཚོའི་འཇུག་ངོགས། རྗེ་ངག་དབང་རྒྱལ་མཚན་གྱི་རྟོགས་པ་བརྗོད་པ་ལྷུན་པོའི་སྟོད་ཆ། ཁ་དྲོན་ནང་པ་རྗེ་བཙུན་བློ་བཟང་བསྟན་འཛིན་གྱི་རྣམ་ཐར་ཆ་ཤས་ཙམ་བརྗོད་པ་དད་པའི་སྒོ་འབྱེད། པཎྜི་ཏ་ཆེན་པོ་བློ་བཟང་འཇིགས་མེད་ཀྱི་རྣམ་ཐར། སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་སྙན་ངག་བུང་བ་མྱོས་པའི་གླུ་དབྱངས། གཞན་ཡང་སྙན་ངག་གི་བརྩམས་ཆོས། བླ་མཆོད་ཟིན་བྲིས། མགུར་གཞས་སོགས་མང་དུ་བཞུགས།

{{#arraymap:དཀོན་མཆོག་དམ་ཆོས་ཡར་འཕེལ་

|; |@@@ | | }}