23701

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་འཇིགས་མེད་རབ་རྒྱས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་སྨད་དུ་འཁྲུངས། ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས། དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་སློང་གི་སྡོམ་པ་མནོས། ཡི་གེའི་སྦྱོར་ཀློག་བསླབས། ཐ་སྙད་རིག་གནས་དང་། གཞུང་ཆེན་བཀའ་པོད་ལྔ། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་ཐོས་བསམ་གནང་། མཁས་པ་ཆེན་པོར་གྱུར། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་བསྟེན། མདོ་རྒྱུད་བསྟན་བཅོས་ཀྱི་དབང་ལུང་མན་ངག་མང་དུ་གསན། སོག་ཡུལ་དུ་ཕེབས། ཨོ་ཏོག་ཏོག་གི་ཆོས་གྲྭ་ལུང་རིགས་དཔལ་འཁྱིལ་ལ་སྐུ་གསུང་ཐུགས་རྟེན་བཞེངས། གསུང་རྩོམ་ནི་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་ཟིན་བྲིས་དང་། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བཤད་བདུད་རྩི། ཡི་གེའི་ཐོབ་ཚུལ་ཉེ་བར་མཁོ་བ། བཀའ་འགྱུར་སྣར་ཐང་དཔར་མའི་སྟེང་ནས་ཀློག་ཚེ་ཁ་སྐོང་དགོས་པའི་སྐོར་ཕྱོགས་གཅིག་ཏུ་བྲིས་པ་བཅས་ཆོས་ཚན་ཞེ་དགུ་ལོངས་པའི་པོད་གཉིས་བཞུགས།