23709

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་སེང་གེ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་བྱི་ ༡༧༦༨ ལོར་། མདོ་སྨད་གཅན་ཚའི་སྣང་ར་ཞེས་པར་ཀུན་མཁྱེན་འཇིགས་མེད་དབང་པོའི་སྐུ་ཚར། ཡབ་བློ་གྲོས་དང་ཡུམ་སྙིང་མོ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གཞོན་ནུ་ནས་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་རིགས་ལམ་ལ་སྦྱངས་པས་རིགས་སྨྲའི་རྩེར་སོན། དགུང་ལོ་བཅུ་བདུན་སྟེང་ཀུན་མཁྱེན་འཇིགས་མེད་དབང་པོ་དང་ལྷན་དབུས་སུ་ཕེབས་ནས་སྒོ་མང་ཆོས་གྲྭར་ཞུགས། གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་སྟེ་ལྷ་རམས་ཨང་དང་པོ་ཐོན། ཕྱི་ལོ་ ༡༧༩༨ ལོར་སླར་བཀྲ་ཤིས་འཁྱིལ་དུ་ཕེབས། རབ་བྱུང་བཅུ་བཞི་བའི་ས་སྦྲུལ་ཕྱི་ལོ་ ༡༨༠༩ ལོར་བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་ལྔ་བའི་ཁྲིར་ཕེབས། ཕྱོགས་ཀྱི་དགོན་ལག་རྣམས་ལ་བླ་མ་ལས་སྣེ་བསྐོ་བཞག་དང་ལྷ་སྡེ་གསར་སྒྲིག། སྔར་ཡོད་སོ་སོར་འགོ་དཔོན་འཇོག་འཛུགས་ཀྱིས་མཚོན་བླ་བྲང་ཆེན་མོའི་སྐུ་དོན་ཆེ་ཕྲ་མཐའ་དག་གི་ཁུར་བབས་ཀྱང་ལེ་ཤོར་གཅིག་ཀྱང་མེད་པ་གནང་། སྔར་ཀློང་རྡོལ་རིན་པོ་ཆེར་མ་འོངས་སྔོན་གཟིགས་བྱུང་བ་ཇི་བཞིན་རྗེ་འདི་ལ་སྟོང་ཉིད་ཀྱི་རྟོགས་པ་འཁྲུངས། རབ་བྱུང་བཅུ་བཞི་བའི་ཆུ་སྦྲུལ་ཕྱི་ལོ་ ༡༨༣༣ ལོར་སྐུ་གཤེགས།