23741
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བཟོ་རིག་སྐོར། དཀྱིལ་ཆོག་མི་འདྲ་བ་དྲུག་ཅུ་ལྷག་གི་ཐིག་ཚོན་གདབ་ཚུལ་སྟོན་པའི་གཞུང་ཞིག་སྟེ། མཚན་རྒྱས་པར། སྒྲོལ་མགོན་ཞབས་ཀྱིས་མཛད་པའི་དཀྱིལ་ཆོག་རྒྱ་མཚོའི་ཐིག་ཚོན་གསལ་བྱེད་ཉི་མའི་འོད་ཟེར། ཞེས་བྲིས། མཛད་པ་པོ་ནི་ཇོ་ནང་མཁས་དབང་རྒྱ་མཚོ་རྣམ་གསུམ་གྱི་ཡ་གྱལ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ཡིན། མཛད་དུས་གསལ་ཁ་མ་རྙེད་མོད་ཁོང་གི་འཁྲུངས་འདས་ཕྱི་ལོ་ ༡༨༤༤ ནས་ ༡༩༠༤ བར་ཡིན། རྗོད་བྱེད་གཞུང་ཚད་ལ། སྡེབ་གྲངས་བདུན་ཅུ་བཞུགས། བརྗོད་བྱ་ནི་གཞུང་དེའི་མཇུག་རྩོམ་དུ། རྗེ་ཏཱ་ར་ནཱ་ཐ་ཉིད་ཀྱི་གསུང་ལས་གསལ་བ་རྣམས་རང་སོར་བཞག་ཅིང་། མི་གསལ་བ་རྣམས་ཨ་བྷྱའི་རྡོ་རྗེའི་ཕྲེང་བ་དང་། གྲུབ་ཆེན་དཱ་ར་ཀ་པ་དང་། གྲུབ་ཆེན་ལཱ་བ་པའི་ཐིག་གི་འདེབས་ཚུལ་དང་། གཞན་ཡང་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་ཐིག་ཡིག་འགའ་ཞིག་ནས་དཀྱིལ་འཁོར་དེ་དང་དེའི་ཐིག་གི་འདེབས་ཚུལ་རྣམས་ལྟར་བྱས་ཏེ། ཚིག་གི་སྡེབ་སྦྱོར་ལ་མ་ལྟོས་པར་བློ་དམན་རྣམས་ཀྱིས་ཀྱང་ཤེས་སླ་བར་བྱས་ནས་བྲིས། ཞེས་བྱུང་། |