23753
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ་བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་དང་གཞལ་ཡས་ཁང་བཅས་བཞེངས་སྐྲུན་གྱི་མཁོ་ཆས་ཡོ་བྱད་སོ་ཕག་དང་ཚོན་སོགས་བཙལ་ཅིང་བསྒྲུབ་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ས་ཕག་བེའུ་ས་ཚོན་ཚོན། དཀྱིལ་འཁོར་གཞལ་ཡས་རྫས་སུ་བསྙེན། ཞེས་པས། དེ་ལྟར་རྒྱུ་སོ་ཕག་དང་ཚོན་སོགས་ལས་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་སྣང་བརྙན་བཞེངས་པ་ནི། ཡི་དམ་ལྷ་ཡི་དཀྱིལ་འཁོར་དངོས་ལ་དད་མོས་བསྐྱེད་པ་དང་དེ་ཉིད་སྒོམ་པའི་ཏིང་ངེ་འཛིན་ལ་དམིགས་པ་གསལ་བར་འདྲེན་པའི་ཐབས་སུ་བསྟན་པ་ཡིན་ནོ། །དེ་ལ་ཡང་ཕྱི་ཡི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ཕྱི་མཚན་མའི་དཀྱིལ་འཁོར་སྒྲུབ་པའི་རྫས་ལ་སྤྱོད་པ་ཡིན་པའི་དོན་ནོ། ། |
| Domain | ཆོས་ལུགས། |