23755

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀྱིལ་འཁོར་གསལ་བའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གདུལ་བྱ་ཡི་དམ་ལྷའི་དཀྱིལ་འཁོར་མ་རྟོགས་པ་དང་བསྐྱེད་རིམ་ལ་བློ་སྦྱོང་འདོད་ཅན་གྱི་སྐལ་ལྡན་དོན་གཉེར་བ་རྣམས་ལ་ཡི་དམ་གྱི་ལྷའམ་ལྷའི་དཀྱིལ་འཁོར་བློ་ངོར་འཆར་བར་བྱེད་པའི་ཡོ་བྱད་ཐབས་ཀྱི་གྲོགས་ཏེ། དབལ་མོ་ལས་ཐིག་ལས། དཀྱིལ་འཁོར་གསལ་བའི་གྲོགས་དེ་ཉིད། ཙ་ཀ་ལི་རྣམས་དགོས་པ་ཡི། ཞེས་སོགས་གསུངས་པས། དེ་ཡང་དཀྱིལ་འཁོར་སོགས་སུ་དགོད་བྱའི་ཡི་དམ་གྱི་སྐུ་གསུང་ཐུགས་སོགས་བློ་ཡུལ་དུ་འཆར་བར་བྱེད་པའི་དམིགས་རྟེན་གྱི་གྲོགས་ཏེ། དེ་ལ་ཡང་སྐུ་ལ་གསལ་བྱེད་སྐུ་བརྙན་རིས་སུ་བྲིས་པ་ཙ་ཀ་ལི་དང་། གསུང་ལ་ཡིག་འབྲུ་དང་། ཐུགས་ལ་ཕྱག་མཚན་ལ་སོགས་འགོད་སྲོལ་ཡོད་པ་རྣམས་ཡིན་ནོ། །
Domain ཆོས་ལུགས།