23756
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་གསུམ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དང་། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུམ་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་དུས་བཞིར་འགྱུར་བ་མེད་པར་བསྒོམ་པར་བྱའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:དཀྱིལ་འཁོར་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཡང་ན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དང་། ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་གསུམ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པའི་ཆོས་ཇི་སྙེད་པའོ། །དེ་ཇི་ལྟར་དབྱེར་མེད་ཅེ་ན། ཡེ་ནས་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པ་ཞེས་ཏེ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དང་། ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གསུམ་དུ་དབྱེར་མེད་པར་གནས་སོ་ཞེས་བྱ་བའི་དོན་ནོ། །དེ་ཡང་ཇི་ལྟར་དབྱེར་མེད་ཅེ་ན། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་ནི་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་འབྱུང་ལ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ནི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་དབྱེར་མེད་པར་གནས་ཏེ། སེམས་ཙམ་པའི་རྣལ་འབྱོར་ལྟར་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ནས་གཟོད་དབྱེར་མེད་པར་གནས་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་བྱའོ། །ཞེས་གསུངས། |
{{#arraymap:དཀྱིལ་འཁོར་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྒྱུའི་ཡི་གེ་སྤྲིན་གྱི་དཀྱིལ་འཁོར་དང་། དེ་ལས་བྱུང་བ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། དེ་གསལ་བར་བྱེད་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དཀྱིལ་འཁོར་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། དབང་བསྐུར་བའི་ཐབས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུའི་ཡི་གེ་སྤྲིན་གྱི་དཀྱིལ་འཁོར་བསྟན་པ། དེ་ལས་བྱུང་བ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ། དེ་གསལ་བར་བྱེད་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའོ། །ཞེས་གསུངས། |
{{#arraymap:དཀྱིལ་འཁོར་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལུས་ལྷའི་དཀྱིལ་འཁོར་དང་། ངག་སྔགས་ཀྱི་དཀྱིལ་འཁོར་དང། ཡིད་ཆོས་ཉིད་ཀྱི་དཀྱིལ་འཁོར་གསུམ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དེའང་ཚོགས་ཀྱི་གྲལ་དུ་རྩོད་པ་དང་ཀུ་ཅོ་དང་ཐ་མལ་གྱི་སྣང་བས་བདེན་པར་ཞེན་པ་ལ་སོགས་པ་མི་བྱ་བར། ཚིམ་པ་དང་། དགའ་བ་དང་། འཛིན་ཞེན་མེད་པས། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱའོ། །ཞེས་གསུངས། |
{{#arraymap:དཀྱིལ་འཁོར་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་དང་། བརྟེན་པ་ལྷའི་དཀྱིལ་འཁོར་དང་། གཉིས་མེད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་གསུམ་སྟེ། ཕྱོགས་བཅུའི་མུན་སེལ་ལས། གསུམ་པ་དཀྱིལ་འཁོར་གསུམ་གྱི་དབྱེ་བ་བསྟན་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར། བརྟེན་པ་ལྷའི་དཀྱིལ་འཁོར། གཉིས་མེད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་རོ། །ཞེས་གསུངས། |
{{#arraymap:དཀྱིལ་འཁོར་གསུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གཞི་ལམ་འབྲས་བུའི་དཀྱིལ་འཁོར་གསུམ་སྟེ། འོད་གསལ་སྙིང་པོ་ལས། གཞི་རང་བཞིན་གྱི་དཀྱིལ་འཁོར། ལམ་བསྒོམ་པའི་དཀྱིལ་འཁོར། འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་བཅས་གསུམ་དུ་གསུངས། |
{{#arraymap:དཀྱིལ་འཁོར་གསུམ་
|; |@@@ | | }}