23764
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཨ་བྷྱ་ཀ་རས་མཛད་པའི་གསང་སྔགས་རྒྱུད་སྡེ་བཞིའི་ལྷ་རྣམས་ཀྱི་དབང་བསྐུར་བའི་ཆོ་ག་ཞིག་སྟེ། བསྟན་འགྱུར་སྡེ་དགེ་དཔར་མའི་སྔགས་ཕྱོགས་ཀྱི་པོད་ཕུ་པའི་འགོར་ཡོད། ལོ་ཙྭ་བ་ཁེར་གད་འཁོར་ལོ་གྲགས་ཀྱིས་ཐོག་མར་བསྒྱུར་བ་ལ། དུས་ཕྱིས་ལོ་ཙྭ་བ་ཤེས་རབ་གྲགས་ཀྱིས་བཅོས་ཤིང་། དེ་རྗེས་པཎྜི་ཏ་ར་ཀྴི་ཏ་དང་། ར་ཧུ་ལ་ཤྲི་བྷ་དྲ་དང་། མ་ཎི་ཀ་ཤྲི་ཛྙ་ན་དང་། ཆག་ལོ་ཙྭ་བ་ཆོས་རྗེ་དཔལ་གྱིས་འགྱུར་བཅོས་མཛད། སླར་ཡང་དཔང་ལོ་ཙྭ་བློ་གྲོས་བརྟན་པས་བཅོས་ནས་དག་པར་མཛད་པ་ཡིན། |
| Domain | ཆོས་ལུགས། |