23777
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་སྔགས་ཀྱི་ལྷ་དང་དཀྱིལ་འཁོར་སོགས་ཀྱི་རྟེན་དུ་གྱུར་པ་ཞིག་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། གཞལ་ཡས་ལྷ་དང་དབྱེར་མེད་བུམ་པ་འདི། ཞེས་སོ། །ངོ་བོའམ་ངེས་ཚིག་ནི། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། བུམ་ནི་ཐམས་ཅད་བདེ་བའི་སྣོད། པ་ནི་འཁོར་བའི་མྱ་ངན་ཟློག བུམ་ནི་གཞལ་ཡས་གསས་ཁང་ལྡན། པ་ནི་ལྷ་ཡི་དཀྱིལ་འཁོར་རྫོགས། བུམ་ནི་རིག་པ་ཁྱབ་བདལ་ཆེ། པ་ནི་མ་གཡོས་ཐིག་ལེ་གཅིག། དེ་ཕྱིར་བུམ་པ་ཞེས་སུ་གྲགས། ཞེས་སོ། །དེ་ལ་དབྱེ་ན། སྒྲུབ་བུམ་དང་། དབང་བུམ། གཡང་བུམ། ཁྲུས་བུམ་བཅས་ཡོད་དེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། དག་པ་ཁྲུས་ཀྱི་བུམ་པ་དང། དངོས་གྲུབ་ཕྱྭ་ཚེའི་བུམ་པ་དང། ཆོ་འཕྲུལ་དབང་གི་བུམ་པའོ། །ཞེས་སོ། །བུམ་རྫས་སོགས་ནི། བུམ་རྫས་ཉེར་ལྔ་དང་། ཆུ་དང་འོ་མ། གཟུངས་ཐག མགུལ་ཆིངས། ཁ་རྒྱན། མན་ཇི་རྣམས་ཡིན་ནོ། ། |