23788

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀྱིལ་འཁོར་ཆེན་པོ་བདུན་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། དཀྱིལ་འཁོར་ཆེན་པོ་བདུན་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། སྒྱུ་འཕྲུལ་དྲྭ་བ་མངོན་པར་རྫོགས་པ་བྱང་ཆུབ་པའི་དཀྱིལ་འཁོར་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དང་། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་དང་། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་དང་། དོན་ཡོད་གྲུབ་པའི་དཀྱིལ་འཁོར་དང་བདུན་ནོ། །དཀྱིལ་ཞེས་པ་སྙིང་པོ་འཕོ་འགྱུར་མེད་པ། འཁོར་ཅེས་པ་འོད་གསལ་འགག་པ་མེད་པའི་འཁོར་རོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]