23824
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་འཁྲུགས་མགོན་པོའི་དཀྱིལ་འཁོར་སོགས། །ཚུལ་བཞིན་བྲིས་ནས་གནམ་རྒྱན་ལ། །བཏགས་པས་དེ་འོག་འགྲོ་རྣམས་ཀྱི། །བསོད་ནམས་སྤེལ་ཕྱིར་མཁས་རྣམས་མཛད། ཡང། དེས་ན་ས་ལ་བཀྲམ་པའམ། །ལོགས་ལ་འགྲེམས་སམ་གནམ་རྒྱན་ལ། །འདོགས་པ་གང་ཞིག་ཡིན་ཡང་རུང། །འབྲི་ལུགས་ཁྱད་མེད་ཤེས་དགོས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་ཁ་སྐོང་ལེགས་བཤད་འོད་ཀྱི་སྣང་བ་ལས་སོ། ། མི་འཁྲུགས་པའི་དཀྱིལ་འཁོར་ལ་སོགས་པ་རས་སོགས་ལ་བྲིས་ནས་གནམ་རྒྱན་ལ་འདོགས་པའི་ཕྱག་ལེན་མཁས་པ་རྣམས་ཀྱིས་མཛད་དེ། དེའི་འོག་ལ་འགྲོ་བའི་སེམས་ཅན་རྣམས་ལ་བསོད་ནམས་སྤེལ་བའི་ཆེད་ཡིན་པས་སོ། །ཁོ་བོ་ཅག་གི་ལུགས་ལ་ནི་ས་གཞི་ལ་དགྲམ་པ་དང། ལོགས་ལ་དགྲམ་པ་དང། གནམ་རྒྱན་ལ་འདོགས་པ་གསུམ་ཀ་ལ་འབྲི་ལུགས་ཁྱད་པར་མེད་དེ། དེ་གསུམ་ཀ་ལ་བློས་སློང་གི་དོན་གཅིག་ཏུ་འབབ་ཅིང། སློང་ཚུལ་ཡང་ནང་ནས་སློང་བ་ཡིན་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་སྡོམ་གསུམ་ཁ་སྐོང་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་སོ། ། |
| Domain | ཆོས་ལུགས། |