From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཀྱིལ་འཁོར་རྣམ་པ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར་དང་། ལུས་ཀྱི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་ཚོམ་བུའི་སོགས་སོ། །འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་ནོ། །
|
| Domain
|
ཆོས་ལུགས།
|
དཀྱིལ་འཁོར་རྣམ་པ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར་དང་། ལུས་ཀྱི་དཀྱིལ་འཁོར། ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་རྡུལ་དང་། ཚོན་རས་བྲིས་ཚོམ་བུའི་དཀྱིལ་འཁོར། འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་རོ། །
|
དཀྱིལ་འཁོར་རྣམ་པ་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
བསྐྱེད་པ་མ་ཧཱ་ཡོ་གའི་ཕྱི་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། ལུང་ཨ་ནུ་ཡོ་གའི་ནང་སྒྱུ་མ་ལུས་ཀྱི་དཀྱིལ་འཁོར། མན་ངག་ཨ་ཏི་ཡོ་གའི་གསང་བ་རྟོག་ཚོགས་ཆོས་ཀྱི་དཀྱིལ་འཁོར་ཞེས་སུ་འདྲེན་པའང་སྣང་བའོ། །
|
དཀྱིལ་འཁོར་རྣམ་པ་གསུམ་ (4)
| Part of speech
|
མིང་ཚིག
|
| Definition
|
ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། །
|