23947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་པ་ཁྲུས་ཀྱི་བུམ་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་དབང་བསྐུར་སོགས་ཀྱི་སྐབས་ཕྱི་མཚན་མ་རྫས་ཀྱི་ཁྲུས་གསོལ་གྱི་ཡོ་བྱད་བུམ་པ་ཞིག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ཆུ་གསུམ་དག་པའི་རང་བཞིན་ལས། ཆུ་གསུམ་གསས་མཁར་ལྡན་པ་ཡི། དག་པ་ཁྲུས་ཀྱི་བུམ་པ་གྲགས། ཞེས་པ་ལས། ཆུ་གསུམ་གསས་མཁར་ཞེས་པ་ཆུ་གསུམ་ནི་ཆུ་སྣ་གསུམ་སོགས་ཆུ་སྣ་གང་མང་ལ་བྱ་ཞིང་། དེ་ལ་གསས་མཁར་ཞེས་པ་མི་མཐུན་ཕྱོགས་ཀྱིས་གཞོམ་པ་མེད་པའི་དོན་ནོ། །
Domain ཆོས་ལུགས།