23951
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སེམས་ཙམ་པ། རྙིང་མ། དག་པ་གཞན་དབང་ནི། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཉམས་སུ་བླངས་པ་ལ་བརྟེན་ནས་མཚན་ཉིད་ཆད་པའི་ཀུན་བརྟགས་དང་རྣམ་གྲངས་པའི་ཀུན་བརྟགས་གཉིས་དག་སྟེ་གནས་གྱུར་ཁྱད་པར་ཅན་ཐོབ་ཅིང་། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པས་མ་དག་པའི་གཞན་དབང་མཐའ་དག་ཟད་ནས་དག་པ་གཞན་དབང་དུ་གྱུར་པའི་སྟོབས་ལས་སྣང་བའི་སྐུ་དང་ཞིང་ཁམས་ལ་སོགས་པ་དག་པའི་ཡུལ་དུས་ཀྱི་སྣང་བ་ཇི་སྙེད་པ་སྟེ། ཡིད་ཀྱི་མུན་སེལ་ལས། དེའང་གཞན་དུ་མེད་བཞིན་གཞན་དུ་སྣང་བ་མ་དག་པ་རྨི་ལམ་གྱི་གཞན་སྣང་ལྟ་བུ་དོན་དུ་སྣང་བ་དང་བཅས་པ་འདི་ནི་མ་དག་པ་གཞན་དབང་ཞེས་བྱ་སྟེ། གཟུང་བའི་ཡུལ་ལོ། །དེ་འཛིན་བྱེད་བདག་ཏུ་མ་གྲུབ་པ་ལ་བདག་ཏུ་བློས་ཀུན་བརྟགས་པ་སྟེ་འཛིན་པའི་སེམས་སོ། །དེ་ལྟར་འཁོར་བའི་འཁྲུལ་སྣང་འདི་དག་དག་པར་བྱེད་པ་ལ་གཞི་དོན་གྱི་ཀུན་གཞི་གཏན་ལ་ཕབ་སྟེ། རང་བཞིན་གདོད་མ་ནས་དག་པའི་གནས་ལུགས་ཤེས་པར་བྱེད་པ་ནི་གཞིའོ། །དེ་ནས་སེམས་བསྐྱེད་པ་དང་། ཚོགས་གཉིས་བསྒྲུབ་པ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཉམས་སུ་ལེན་པའོ། །དེའི་མཐུས་འབྲས་བུ་གྲུབ་མཐའ་ངན་པར་ཞེན་པ་ལ་སོགས་པ་གཞི་མེད་པ་ལ་འཁྲུལ་པ་མཚན་ཉིད་ཆད་པའི་ཀུན་བརྟགས་དང་། གཟུང་འཛིན་གཉིས་སུ་སྣང་བའི་འཁྲུལ་པ་སྣ་ཚོགས་པ་རྣམ་གྲངས་པའི་ཀུན་བརྟགས་གཉིས་དག་པར་བྱེད་དོ། །དེའི་མཐུས་གནས་གྱུར་ཁྱད་པར་ཅན་ཐོབ་སྟེ། ཡིད་ཀྱི་རྣམ་ཤེས་མཉམ་པ་ཉིད། ཉོན་ཡིད་སོ་སོར་རྟོག་པ། སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པ། ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུ། ཀུན་གཞི་ཐམས་ཅད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་གྱུར་ནས། མ་དག་གཞན་དབང་དག་པ་གཞན་དབང་དུ་གྱུར་ཏེ། དོན་གྱི་ཀུན་གཞི་ཡེ་ནས་དག་པའི་སྟེང་དུ་ཕེབས་པས། ཕྱི་སྣང་བ་ཞིང་ཁམས་རྣམ་པར་དག་པ། འགྲོ་བ་ལྷ་དང་ལྷ་མོ། རང་ཉིད་ལོངས་སྤྱོད་རྫོགས་པ། དེ་ལས་སྤྲུལ་པའི་རང་བཞིན་ནི་གདུལ་བྱའི་དབང་གིས་སོ་སོར་སྣང་སྟེ། རྣམ་བདེན་པ་ནི་དེའི་ཚེ་ལོངས་སྐུ་དབང་ཕྱུག་ཆེན་པོའི་འོག་མིན་དུ་བཞུགས་ནས་སྤྲུལ་སྐུ་སོ་སོར་འཕྲོ་བར་འདོད་ཅིང་། རྣམ་རྫུན་པས་རང་གི་སྣང་བ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཡང་བསོད་ནམས་དང་ཡེ་ཤེས་ལས་གྲུབ་པའི་རང་བཞིན་གནས་གྱུར་ཁྱད་པར་ཅན་གྱིས་བསྐྱེད་པའི་ཕྱིར། སྐལ་པ་མཚུངས་པའི་སངས་རྒྱས་དང་། ས་བཅུའི་སེམས་དཔའ་རྣམས་ལ་སྣང་བ་དེ་ཉིད་སོ་སོའི་སྐྱེ་བོ་དང་། ཉན་རང་ལ་སོགས་པ་སྤྲུལ་པའི་སྐུར་སྣང་བ་ཡིན་གྱི། སྐུ་གཉིས་གནས་ཐ་དད་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །ཞེས་གསུངས། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:དག་པ་གཞན་དབང་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། དབུ་མ་པ། གཉགས་ཕུ་བས་མཛད་པའི་གཏན་ཚིགས་རིགས་པའི་བསྡུས་དོན་ལས། དག་པ་གཞན་དབང་ནི་གཟུང་འཛིན་དུ་སྣང་བའི་འཕགས་པའི་ལམ་རྣམས་སོ། །ཞེས་བྱུང་། |
Domain | ལྟ་གྲུབ། |
{{#arraymap:དག་པ་གཞན་དབང་
|; |@@@ | | }}