23953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་པ་གསུམ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། དག་པ་གསུམ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ལྔ་བདུན་པ་ཡིན། བརྗོད་བྱ། དག་པ་གསུམ་སྒོམ་པ། དང་པོ་རང་བཞིན་གྱི་དག་པ། གཉིས་པ་ལྷ་སོ་སོའི་དག་པ། གསུམ་པ་རང་རིག་པའི་དག་པ་རྣམས་སྒོམ་ཚུལ་མདོར་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་པ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་དང་བདག་མེད་ཌོམ་བྷི་པ། ངོ་མཚར་རྡོ་རྗེ་ནགས་ཁྲོད་གརྦྷ་རི། བསོད་སྙོམས་མི་ཐུབ་ཟླ་བ་དཔའ་རྡོ་རྗེ། འབྲོག་མི་སེ་ཞང་ས་སྐྱའི་གོང་མ་ལྔ། དགའ་ལྡན་བྲག་ཕུག་པ་དང་(བློ)གློ་གྲོས་བརྟན། དཔལ་ལྡན་ཚུལ་ཁྲིམས་ཤར་བ་ངོར་ཆེན་རྗེ། པཎ་ཆེན་གྲགས་རྒྱལ་མཁན་ཆེན་བསོད་ལྷུན་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཆོས་ཀྱི་རྒྱལ་པོ་འཕགས་པའི་ཁྲིད་དཔེ་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དག་པ་གསུམ་གྱི་ཁྲིད་

|; |@@@ | | }}