23963

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་པ་རྣམ་པ་དྲུག་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། བོན་གྱི་ཆོ་ག་ལས་ངེས་པ་མཁོ་བའི་ཏིང་འཛིན་གྱིས་བྱིན་གྱིས་རླབས་སྟངས་ཀྱི་ལྟ་བའམ་སྒོམ་རིམ་ཞིག་སྟེ། མདོ་གཟེར་མིག་ལས། དག་པ་རྣམ་པ་དྲུག་གི་ཏིང་ངེ་འཛིན་དུ་བྱིན་གྱིས་རློབས། ཞེས་དང་། དྲུག་ནི། ཕྱི་ཡི་སྣོད་དག་པ་དང། ནང་གི་བཅུད་དག་པ། མཆོད་སྦྱིན་གྱི་རྫས་དག་པ། བདག་ཉིད་ཀྱི་རྣམ་པར་དག་པ། མཆོད་སྦྱིན་གྱི་ཡུལ་ལམ་མགྲོན་དག་པ། བདེར་གཤེགས་རྣམ་པར་དག་དང་དྲུག་སྟེ། གཡུང་དྲུང་ཀློང་རྒྱས་འགྲེལ་བ་ནམ་མཁའི་ནོར་བུ་ལས། དག་པ་དྲུག་བསྒོམ་པ་ནི། ཕྱི་སྣོད་དག་པ་ལྷའི་གཞལ་ཡས་དང་། ནང་བཅུད་དག་པ་ཁམས་སུམ་གྱི་སེམས་ཅན་ལྷ་དང་ལྷ་མོ། རྫས་དག་པ་ལྡན་པ་ལྔ་འདོད་པ་ལྔ། བདག་ཉིད་དག་པ་ལྷའི་སྐུ་ཤེལ་སྒོང་ཕྱིས་པ་འདྲ་བ་དྲི་མ་མེད་པ་ཡིད་དུ་འོང་བ་འོད་ཟེར་འཕྲོ་བ། མགྲོན་དག་པ་མཆོད་སྦྱིན་མཆོད་པས་མཉེས་ཤིང་ཐུགས་དམ་བསྐང་བས། སྦྱིན་མགྲོན་སྦྱིན་པས་ཚིམ་ཞིང་ཅི་འདོད་ཡིད་བཞིན་འཕྲད་ཅིང་དགོས་འདོད་རེ་བ་བསྐང་བ་དང་། བདེ་བར་གཤེགས་པ་རྣམ་པར་དག་སྐུ་བཞི་མཛེས་པའི་ཞལ་བཞི་ཞེས་པ་ནི། ས་ཏྲིག་ཨེ་སངས་དང་། གཤེན་ལྷ་འོད་དཀར། སངས་པོ་འབུམ་ཁྲི། གཤེན་རབ་མི་བོ་དང་བཞིའི་སྐུའི་རང་བཞིན་དུ་མཛེས་པའི་ཞལ་བཞིས་ཐམས་ཅད་གང་བར་བསམ། ཞེས་སོ། །
Domain ཆོས་ལུགས།