23975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་པའི་ལུས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་སྟེ། ༡ འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྣང་བར་བྱ་བའི་ཕྱིར། འོད་ཀྱི་དཀྱིལ་འཁོར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རབ་ཏུ་འགྱེད་པ། ༢ འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་བྱ་བའི་ཕྱིར། ཁ་དོག་དུ་མ་དང༌། ཁ་དོག་སྣ་ཚོགས་དང༌། འོད་ཀྱི་འཁོར་ལོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱིན་གྱིས་རློབ་པ། ༣ སེམས་ཅན་བྱིན་གྱིས་བརླབ་ཅིང་གདུལ་བའི་ཕྱིར། འོད་ཟེར་གྱི་དཀྱིལ་འཁོར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རབ་ཏུ་འགྱེད་པ། ༤ སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་འགྲོ་བའི་ཕྱིར། ལུས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱིན་གྱིས་རློབ་པ། ༥ སངས་རྒྱས་ཐམས་ཅད་བསྙེན་བཀུར་བར་བྱ་བའི་ཕྱིར་སྤོས་དང༌། མེ་ཏོག་སྣ་ཚོགས་ཡིད་དུ་འོང་བའི་སྤྲིན་དུ་མ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆར་མངོན་པར་འབེབས་པ། ༦ སངས་རྒྱས་བསྙེན་བཀུར་བ་དང༌། སེམས་ཅན་གདུལ་བའི་ཕྱིར། བ་སྤུའི་ཁུང་བུ་རེ་རེར་ཡང་རོལ་མོ་བརྡུང་བ་དང༌། དཀྲོལ་བ་བརྒྱ་ཕྲག་དུ་མ་ཡིད་དུ་འོང་ཞིང་རྒྱ་ཆེ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱིན་གྱིས་རློབ་པ། ༧ སེམས་ཅན་རྣམས་མོས་པའི་ཚུལ་བཞིན་དུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྤྲུལ་པའི་རྒྱུད་རྣམ་པ་སྣ་ཚོགས་རྣམ་པར་དག་པ་དང༌། ཁྱུ་མཆོག་གི་མཐུ་དང༌། རྣམ་པར་འཕྲུལ་པའི་སྤྲུལ་པ་དུ་མ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་རབ་ཏུ་བརྟེན་པ། ། ༨ ཕྱོགས་བཅུར་སངས་རྒྱས་ཀྱི་ཆོས་རྣམ་པ་ཐ་དད་པ་སྣ་ཚོགས་ཡོངས་སུ་བྲི་བའི་ཕྱིར། གོམ་པ་རེ་རེས་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་འདའ་བར་བྱེད་པ། ༩ མཐོང་བ་དང༌། ཐོས་པ་དང༌། མཆོད་པ་ཐམས་ཅད་དོན་ཡོད་པར་བྱ་བའི་ཕྱིར། སྤྱི་གཙུག་ལྟར་མི་སྣང་བའི་ལུས་རྣམ་པར་དག་པ་དང༌། གཟུགས་དང༌། མཚན་སྣ་ཚོགས་རྣམ་པར་དག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རབ་ཏུ་འཐོབ་པ། ༡༠ སྒྲ་སྐད་སྣ་ཚོགས་དང༌། སྒྲ་སྐད་དུ་མས་འགྲོ་བ་རྣམས་རྣམ་པར་བསྟན་པའི་ཕྱིར། སྒྲ་དང༌། སྐད་དང༌། ང་རོ་དང༌། དབྱངས་ཀྱི་ཡན་ལག་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རབ་ཏུ་འབོད་པའོ། །
Domain ཆོས་ལུགས།