23981

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་བྱ་ཕུང་ཁམས་སོ་དྲུག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་པོ་སོ་སོའི་ངོས་སྐལ་གྱི་དག་བྱ་སྟེ། ཡེ་ཤེས་ཀྱི་ཕུང་བོ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་པ་དྲུག་ཚན་གཅིག་དང་། རྣམ་ཤེས་ཀྱི་ཕུང་པོ། ནམ་མཁའི་ཁམས། རྣ་བའི་དབང་པོ། ཆོས་ཀྱི་སྐྱེ་མཆེད། གསང་བའི་དབང་པོ། ཁུ་བ་འདོར་སྟེ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་དང་། འདུ་བྱེད་ཀྱི་ཕུང་བོ། རླུང་གི་ཁམས། རྣའི་དབང་པོ། རེག་བྱའི་སྐྱེ་མཆེད། ངག་གི་དབང་པོ། བཤང་བ་འདོར་སྟེ་རླུང་ཁམས་པ་དྲུག་ཚན་གཅིག་དང་། ཚོར་བའི་ཕུང་བོ། མེའི་ཁམས། མིག་གི་དབང་པོ། རོའི་སྐྱེ་མཆེད། པགས་པའི་དབང་པོ། འགྲོ་བ་སྟེ་མེ་ཁམས་པ་དྲུག་ཚན་གཅིག་དང། འདུ་ཤེས་ཀྱི་ཕུང་བོ། ཆུ་ཁམས། ལྕེའི་དབང་པོ། གཟུགས་ཀྱི་སྐྱེ་མཆེད། རྐང་བའི་དབང་པོ། ལེན་པ་སྟེ་ཆུ་ཁམས་པ་དྲུག་ཚན་གཅིག་དང་། གཟུགས་ཀྱི་ཕུང་བོ། སའི་ཁམས། ལུས་ཀྱི་དབང་པོ། དྲིའི་སྐྱེ་མཆེད། བཤང་ལམ་གྱི་དབང་པོ། བྱ་བ་སྨྲ་བ་སྟེ་ས་ཁམས་དྲུག་ཚན་གཅིག་ཏེ་དག་བྱ་ཕུང་ཁམས་སོ་དྲུག་གོ ། ཞེས་བྱུང་།
Domain ཆོས་ལུགས།