24014
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྗེས་ཁྱབ་གྲུབ་པ་ལ་སྔོན་དུ་འགྲོ་དགོས་པའི་ཚད་མ་གསུམ་གྱི་ནང་གསེས་ཤིག་སྟེ། དགག་བྱའི་ཆོས་དང་བསྒྲུབ་བྱའི་ཆོས་གཉིས་དངོས་སུ་ཕན་ཚུན་མི་མཐུན་པ་འགལ་བར་ངེས་པའི་ཚད་མ་ཞིག དཔེར་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་དེའི་དགག་ཆོས་རྟག་པ་དང་། བསྒྲུབ་ཆོས་མི་རྟག་གཉིས་དངོས་འགལ་དུ་ངེས་བྱེད་ཀྱི་ཚད་མ་ལྟ་བུ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དང་པོ་མ་གྲུབ་ན། དུང་གི་རྟགས་ཀྱིས་ཤར་ཕྱོགས་ཀྱི་དུང་སེར་པོར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། དུང་ཚད་མས་གྲུབ། དུང་སྔོན་པོ་ལ་ཁེགས་པའི་ཕྱིར། མ་ཁྱབ་ན། སྦྱོར་བ་སྐོར་གཅིག་པོ་དེའི་རྗེས་ཁྱབ་ཚད་མས་ངེས་པ་ལ། ཚད་མ་དང་པོ་སྔོན་དུ་འགྲོ་མི་དགོས་པ་འགལ། དགག་བྱའི་ཆོས་ཤེས་བྱ་ལ་མི་སྲིད་པ་རྣམས་ལ་ནི་བསྒྲུབ་ཆོས་དགག་ཆོས་ཞེས་ལྡོག་ནས་སྦྱོར་དགོས་སོ། ། |
Domain | ཚད་མ། |
{{#arraymap:དགག་ཆོས་བསྒྲུབ་ཆོས་དངོས་འགལ་དུ་ངེས་བྱེད་ཚད་མ་
|; |@@@ | | }}