24021
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། མཚམས་པོ་ཆེའི་ནང་ཡིན་པ་སྟེ། ལུང་གཞི་ལས་མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ་གསོ་སྦྱོང་དང་དགག་དབྱེ་བྱའོ་ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་རྣམས་དགག་དབྱེ་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་རོ། །གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་གསུངས་པས་སོ། །གཙང་ཞིང་ཡངས་པ་ཡིན་པ་དང་། འཇིག་པའི་ཉེན་ཅན་མ་ཡིན་པ་སྟེ། གསོ་སྦྱོང་ལ་བཤད་པའི་གནས་ཀྱིས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །མཚམས་ནང་གཅིག་པ་དང། དབྱར་གནས་གཅིག་ཏུ་གནས་པ་ནི་མི་དགོས་ཏེ། དབྱར་ནང་ནས་ཆོས་ལྡན་གྱི་བྱ་བ་ལ་བྱིན་གྱིས་བརླབ་སྟེ་སོང་བས་གནས་གཞན་དུ་དགེ་འདུན་དགག་དབྱེ་བྱེད་པ་དང་ཐུག་ན་དེས་ཀྱང་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ན་དགག་དབྱེ་མཚན་ཉིད་པ་ཡིན་པའི་ཕྱིར། ཇི་སྐད་དུ། བྱིན་གྱིས་བརླབས་སྟེ་སོང་བས་དེར་དགག་དབྱེ་བྱེད་པ་ན་དེ་དག་དང་ལྷན་ཅིག་བྱས་ན་དགག་དབྱེ་བྱས་པ་ཉིད་ཡིན་ནོ། །ཞེས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དགག་དབྱེ་བྱ་ཡུལ་
|; |@@@ | | }}