24022
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། དགེ་སློང་མས་དབྱར་གནས་པར་ཁས་བླངས་ནས། དབྱར་གནས་ཏེ་དགག་དབྱེ་བྱས་པའི་འོག་ཏུ་ཚེས་བཅུ་དྲུག་ལ་ལྗོངས་རྒྱུ་བ་དེར་མི་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །མའི་སོ་སོ་ཐར་པ་ལས། དབྱར་གནས་པའི་འོག་རོལ་ཏུ་རྒྱང་གྲགས་ཀྱི་མཐར་མི་འགྲོ་ན་ལྟུང་བྱེད་དོ་ཞེས་སོ། །ཊཱི་ཀ་ལས། འདིར་འགྲོ་བའི་ཚེ་རྒྱང་གྲགས་ཀྱི་ཚད་ཀྱི་མཐའ་འོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དབྱར་གནས་ནས་དགག་དབྱེ་བྱས་པའི་ཕྱི་དེ་ཉིན་པར་ལྗོངས་རྒྱུ་བར་མི་འགྲོ་བ་ནི། མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་དོ། །ཅེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དགག་དབྱེ་བྱས་ནས་ལྗོངས་རྒྱུར་མི་འགྲོ་བའི་ལྟུང་བྱེད་
|; |@@@ | | }}