24023
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་འདུན་གྱིས་གསོལ་གཉིས་ལས་ཀྱི་ཆོ་ག་ལ་བརྟེན་ནས་དགག་དབྱེ་བྱེད་པ་པོའི་དགེ་སློང་བསྐོ་བ་ཞེས་པའི་དོན་ཡིན་ནོ། །དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དགག་དབྱེ་བྱེད་པའི་དགེ་སློང་བསྐོ་ཚུལ་ཡོད་དེ། བསྐོ་ཡུལ་ཀྱི་ཆོས་རྣམས་ཚང་བའི་སྟེང་དུ་དགེ་སློང་ཕ་ཡིན་པ་ཞིག་དགེ་འདུན་གྱི་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱ་བ་ཡིན་པའི་ཕྱིར། འདིས་དགེ་སློང་བཞི་ཙམ་གྱིས་དགག་དབྱེ་བྱ་མི་རུང་བར་བསྟན་པ་ཡིན་ཏེ། བསྐོ་ཡུལ་གྱི་དགེ་སློང་ལས་གཞན་པའི་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་བརྗོད་པ་ཡིན་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:དགག་དབྱེ་བྱེད་པའི་དགེ་སློང་བསྐོ་བ་
|; |@@@ | | }}