24029
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། སྤྱིར་དགག་དབྱེ་བྱེད་པའི་ཆོ་ག་དེ་ལ་སྔགས་ཚིག་ལན་གསུམ་འདོན་པར་བྱ་བ་ཡིན་ཀྱང་དམིགས་བསལ་ལན་གཉིས་ཙམ་ལ་སོགས་པ་བྱས་ཀྱང་ཉེས་པ་མི་འབྱུང་བ་ནི་དེའི་དམིགས་བསལ་ཡིན་ནོ། །དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་ཡོད་དེ། སྔགས་ཚིག་ལན་གསུམ་བརྗོད་པ་མ་བྱུང་ན་ལན་གཉིས་སམ་ལན་གཅིག་བརྗོད་པ་དང་། ཡོངས་དག་འབུལ་བ་དང་། དགག་དབྱེ་བྱིན་གྱིས་བརླབས་པས་ཀྱང་དེ་མ་བྱས་པའི་ཉེས་པ་ཁེགས་པའི་ཕྱིར། བྱིན་གྱིས་བརླབ་ཚུལ་ཡང་། མདོར་གཞིའི་དགག་དབྱེ་ཡང་དེ་བཞིན་ནོ་ཞེས་གསོ་སྦྱོང་ལྟར་བྱ་བར་བཤད་དོ། །དགག་དབྱེ་བྱེད་པའི་གོ་རིམས་ཀྱང་ཡོད་དེ། དང་པོར་དགེ་སློང་ཕ། དེ་ནས་དགེ་ཚུལ་ཕ། དེ་ནས་དགེ་སློང་མ། དེ་ནས་དགེ་སློབ་མ། དེ་ནས་དགེ་ཚུལ་མ་རྣམས་ཀྱིས་བྱ་བ་ཡིན་པའི་ཕྱིར། ཚོགས་ཀྱི་དགག་དབྱེ་བྱ་ཚུལ་ཡོད་དེ། རང་གི་མིག་ལམ་དུ་ཡོད་པའི་དགེ་སློང་འོས་པ་ལ་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། འདི་ལ་ཚེས་གྲངས་ངེས་པ་མེད་དེ་དམག་ལ་སོགས་པའི་རྐྱེན་གྱི་དབང་གིས་ཡུལ་གཞན་དུ་འགྲོ་དགོས་པའི་ཚེ་བྱ་བ་མ་གཏོགས་གཞན་ལ་མ་གནང་བའི་ཕྱིར་རོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:དགག་དབྱེའི་ཆོ་གའི་དམིགས་བསལ་
|; |@@@ | | }}