24032
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། སྤྱིར་དགག་དབྱེའི་བྱེད་པའི་དུས་ཚིགས་ནི་ཚེས་བཅུ་དྲུག་གི་སྐྱ་རེངས་ཤར་བའི་སྐབས་སུ་ཡིན་ཀྱང་རྐྱེན་དབང་གིས་དེའི་འོག་རོལ་ཏུ་བྱས་ཀྱང་ཉེས་པ་མི་འབྱུང་བ་ནི་དེའི་དམིགས་གསལ་ཡིན་ལ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ཡོད་དེ། སྔར་བཤད་པ་ལྟར་ཚེས་བཅོ་ལྔ་རྫོགས་ནས་མར་ངོ་ཚེས་གཅིག་གི་སྐྱ་རེངས་ཤར་ནས་དགག་དབྱེ་བྱ་རུང་བ་དང་། དུས་ཀྱི་སྔ་རོལ་དུ་དགེ་སློང་འཐབ་བཀྲོལ་ཅན་འོང་བ་ཐོས་ན་གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་དགག་དབྱེ་བྱེད་པ་དང་། དེ་ཡང་མ་གྲུབ་ན། དགག་དབྱེའི་དུས་སུ་གསོ་སྦྱོང་བྱས་ནས་འཐབ་ཀྲོལ་ཅན་གནས་གཞན་དུ་སོང་བའི་འོག་ཏུ་དགག་དབྱེ་བྱེད་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:དགག་དབྱེའི་དུས་ཀྱི་དམིགས་བསལ་
|; |@@@ | | }}