24033

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་དབྱེའི་ཕན་ཡོན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགག་དབྱེ་བྱས་པས་སྟོན་པའི་བཅས་པ་དང་མཐུན་ཞིང། ཚུལ་ཁྲིམས་དང་ཆོས་གཉིས་ཀྱི་ནང་ནས་གཙོ་བོར་ཆོས་རྣམ་པར་དག་པར་འགྱུར་བའི་ཕྱིར་དང། དགག་དབྱེའི་སྐབས་དེར་སྦྱིན་བདག་གི་སྟོན་མོ་དང། དཀོན་མཆོག་ལ་མཆོད་པ་དང། གོས་ལ་སོགས་པའི་རྙེད་པ་རྒྱ་ཆེན་པོ་དབྱར་གནས་པའི་དགེ་འདུན་ལ་ཕུལ་ན་གནས་སྐབས་གཞན་དུ་ཕུལ་བ་ལས་བསོད་སྙོམས་ཀྱི་འབྲས་བུ་ཆེ་བར་འབྱུང་བས་དེའི་ཕན་ཡོན་འགྲུབ་པའི་ཆེད་ཡིན་ནོ། །དབྱིག་གཉེན་གྱིས། གང་དག་འགོག་བྱམས་ཉོན་མོངས་མེད། །ཅེས་གསུངས་པ་ལྟར། འདིར་ཡང་དབྱར་གནས་རྫོགས་པར་ཚར་ཞིང། དགག་དབྱེ་བྱས་མ་ཐག་པ་དེ་བསོད་ནམས་སོག་པའི་ཞིང་གང་ལས་ཀྱང་མཐུ་ཆེ་བ་ཡིན་ནོ། །གཞུང་འདིར། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་ན་གསོ་སྦྱོང་གསུངས་ལ་ཆོས་རྣམ་པར་དག་པའི་ཕྱིར་ནི་དགག་དབྱེ་གསུངས་པས། གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག ཅེས་གསུངས་པའི་དོན་ནི། གསོ་སྦྱོང་བྱས་ན་འཕྲལ་གྱི་ཁ་ན་མ་ཐོ་བ་མེད་པ་ཉིད་ཙམ་ལ་ཚུལ་ཁྲིམས་རྣམ་པར་དག་པ་ཞེས་བྱ་ཞིང། དགག་དབྱེ་བྱས་པས་ནི་མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་ལྟུང་བ་གླེང་བ་དང། དེ་བྱིན་གྱིས་རློབས་པ་དང། བཤགས་པ་བྱ་བའི་གདམས་ངག་དང། སྤོ་མགུ་ལ་སོགས་པའི་ཕྱིར་བཅོས་བྱེད་ཚུལ་གྱི་རྗེེས་སུ་བསྟན་པ་དག་ལ་ཡང་དག་པར་ཞུགས་པ་ཉིད་དང། དེ་ཞུགས་པས་ཡང་དག་པ་ཉིད་དུ་ངེས་པར་གྱུར་ན་སེམས་དང་སེམས་བྱུང་གི་ཆོས་ཀུན་རྣམ་པར་དག་པར་འགྱུར་བ་ཡིན་ནོ། །འདི་ནི་དགག་དབྱེའི་སྔགས་ཚིག་ལས། བདག་ལ་གདམས་སུ་གསོལ། བདག་ལ་རྗེས་སུ་བསྟན་དུ་གསོལ། ཞེས་འབྱུང་བ་དང་དོན་མཐུན་པ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།

{{#arraymap:དགག་དབྱེའི་ཕན་ཡོན་

|; |@@@ | | }}