24034

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་དབྱེའི་བསྡུས་དོན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགག་དབྱེ་བྱ་བའི་དོན་རྣམས་བསྡུས་ཏེ་བསྟན་པ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསྡུས་དོན་གྱི་དབང་དུ་བྱས་ན་རྣམ་པ་བརྒྱད་ཀྱིས་ཤེས་པར་བྱ་སྟེ། ཡུལ་གང་ལ་དགག་དབྱེ་བྱ་བ། རྟེན་གང་གིས་བྱ་བ། བྱེད་པ་པོ་གང་ལ་གོ་བར་བྱ་བ། དངོས་པོ་གང་གིས་བྱ་བ། གནས་གང་དུ་བྱ་བ། དུས་ནམ་གྱི་ཚེ་བྱ་བ། ཚུལ་ཇི་ལྟར་བྱ་བ། སྒྲ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགག་དབྱེའི་བསྡུས་དོན་

|; |@@@ | | }}