24035

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་དབྱེའི་མཇུག་ཆོག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཇུག་གི་ཆོ་ག་ནི། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་པ་དང་། དགག་དབྱེ་བྱེད་པ་དགེ་འདུན་ལ་གོ་བར་བྱ་བའོ། །དེ་ལྟར་ལྟུང་བའི་དགག་དབྱེ་བྱས་ནས་རྫས་ཀྱི་དགག་དབྱེ་ནི་གཞུང་འདི་ཉིད་ལ་གསལ་ལོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། མཇུག་ནི། དེ་ནས་དགེ་སློང་དེས་རྩྭ་རྣམས་བསྡུས། དེའི་གྲངས་བགྲངས་ནས་དུ་ཡོད་ཤེས་པར་བྱས་ཏེ། དེ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདི་ན་དབྱར་གནས་པའི་དགེ་འདུན་འདི་སྙེད་ཀྱིས་དགག་དབྱེ་མཛད་ལགས་སོ། །ཞེས་བརྗོད། དགེ་འདུན་གྱིས་ཀྱང་ལེགས་པར་མཛད་དོ། །ཤིན་ཏུ་མཛད་དོ། །ཞེས་བརྗོད་དོ། །དེ་ལྟར་བརྗོད་ཚར་བའི་དེ་མ་ཐག་ཏུ། བྱེད་པ་པོ་དེས་རང་གི་རྫས་གང་ཡང་རུང་བ་མཐའ་ན་ཁབ་ཙམ་ཡིན་ཀྱང་ལག་ཏུ་ཐོགས་ནས་རྒན་རིམ་གྱི་མདུན་འདུག་ནས། བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་རམ། ཞེས་བརྗོད། འདི་ལ་རྫས་ཀྱི་དགག་དབྱེ་གྲགས། འདིས་ནི་རྙེད་པའི་སྒོ་དབྱེ་བར་འགྱུར་ཏེ། དགག་དབྱེ་བྱས་པའི་དགེ་སློང་གི་དགེ་འདུན་ནི་བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས། དེ་ལ་བྱིན་ན་འབྲས་སུ་ཆེས་མང་པོར་འགྱུར་རོ། །ཞེས་བསྟན་པའི་ཕྱིར། སྟོན་པས་རྫས་ཀྱི་དགག་དབྱེ་གནང་བ་ཡིན་ནོ། །ཁ་ཅིག་འདིའི་འགྲོས་སྦྱར་ནས་དགག་དབྱེ་དངོས་གཞི་དེ་ལ་ལྟུང་བའི་དགག་དབྱེའི་མིང་འདོགས་མཛད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས།
Domain ཆོས་ལུགས།

{{#arraymap:དགག་དབྱེའི་མཇུག་ཆོག་

|; |@@@ | | }}