24038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་དབྱེའི་སྔོན་ཚེས་བཅུ་བཞི་ལ་ཇི་ལྟར་སྒྲུབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགག་དབྱེའི་སྔོན་ཚེས་བཅུ་བཞིའི་དགོང་མོར་ཆོས་ལྡན་གྱི་བྱ་བ་ཇི་ལྟར་སྒྲུབ་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ཚེས་བཅུ་བཞི་ལ་ཇི་ལྟར་སྒྲུབ་པ་ཡོད་དེ། སེང་གེའི་ཁྲི་བརྒྱན་པ་དང་། སྤྱོད་ཡུལ་དུ་ཆོས་ཉན་བཤད་འབྱུང་བ་བརྗོད་པ་དང་། མཚན་ཐོག་ཐག་ཏུ་དེ་བྱ་བ་རྣམས་ཡིན་པའི་ཕྱིར་ཏེ། མདོར། སེང་གེའི་ཁྲི་བརྒྱན་པར་བྱའོ། །དོ་ནུབ་མཚན་ཐོག་ཐག་ཆོས་མཉན་པ་འབྱུང་བར་འགྱུར་གྱིས་དེར་ཚེ་དང་ལྡན་པ་དག་གིས་ཚོགས་པ་སྦྱིན་པར་བྱའོ་ཞེས་སྤྱོད་ཡུལ་དུ་བརྗོད་ནས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་གསོལ་བ་བཏབ་པ་དག་གིས་ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་མཉན་པ་སྦྱིན་པར་བྱའོ། །ཞེས་སོགས་ཀྱིས་བསྟན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགག་དབྱེའི་སྔོན་ཚེས་བཅུ་བཞི་ལ་ཇི་ལྟར་སྒྲུབ་པ་

|; |@@@ | | }}