24041

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་པ་ (1)
Part of speech མིང་ཚིག
Definition ཕ་རོལ་བོའི་འདོད་ལ་རྒོལ་བའི་བྱ་བའི་མིང་།

{{#arraymap:དགག་པ་

|; |@@@ | | }}

དགག་པ་ (2)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དགག་པའི་མཚན་ཉིད། ཆོས་གང་ཞིག ། ཁྱོད་ཀྱི་དོན་སྤྱི་འཆར་བ། ཁྱོད་ཀྱི་དགག་བྱའི་དོན་སྤྱི་འཆར་བ་ལ་བལྟོས་པ། ཞེས་དང། དགག་པ་ལ་དབྱེ་ན། མེད་དགག་དང་མ་ཡིན་དགག་གཉིས། ཞེས་གསུངས།
Domain ཚད་མ།

{{#arraymap:དགག་པ་

|; |@@@ | | }}

དགག་པ་ (3)
Part of speech མིང་ཚིག
Definition དགག་སྒྲུབ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་ཉིད་ངེས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས། དགག་པའི་མཚན་ཉིད། དེ་ལ་མེད་དགག་དང་མ་ཡིན་དགག་གཉིས། ཞེས་གསུངས།

{{#arraymap:དགག་པ་

|; |@@@ | | }}

དགག་པ་ (4)
Part of speech མིང་ཚིག
Definition ཉགས་ཕུ་བའི་གཏན་ཚིགས་རིགས་པའི་བསྡུས་དོན་ལས། དགག་པའི་མཚན་ཉིད་ནི། བློས་རྣམ་བཅད་དུ་གྲུབ་པ། དབྱེ་ན། མེད་དགག་དང་མ་ཡིན་དགག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་མ་བསྒྲུབ་པར་རྣམ་བཅད་ཙམ་དུ་གྲུབ་པ་དང། དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་སུ་བསྟན་བྱ་ཡིན་པའོ། །ཞེས་བྱུང་།

{{#arraymap:དགག་པ་

|; |@@@ | | }}