24042
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། ཐལ་འགྱུར་པ། མེད་དགག་དང་མ་ཡིན་དགག་གི་རྣམ་གཞག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། དགག་པ་གཉིས་ཀྱི་རྣམ་གཞག་དེ་ལྟར་འཐད་དེ། སྤྱན་རས་གཟིགས་བརྟུལ་ཞུགས་སུ་དྲངས་པ་ལས། དགག་པ་དོན་གྱིས་བསྟན་པ་དང༌། །ཚིག་གཅིག་སྒྲུབ་པར་བྱེད་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཡང་དགག་པ་ཞེས་པའི་ཆོས་གཞན་དངོས་ལ་འཕེན་པ་བསྟན་ནས། དོན་གྱིས་བསྟན་པ་ཞེས་པས་ཤུགས་ལ་འཕེན་པ་དང༌། ཚིག་གཅིག་ཅེས་པའི་དངོས་ཤུགས་གཉིས་ཀ་ལ་འཕེན་པ་དང༌། དེ་ལྡན་རང་ཚིག་ཅེས་སོགས་ཀྱིས་སྐབས་སྟོབས་ཀྱིས་འཕེན་པའི་མ་ཡིན་དགག་དང༌། གཞན་པ་གཞན་ཡིན་ནོ་ཞེས་པས་མེད་དགག་བསྟན་པའི་ཕྱིར། དེས་ན། མཐའ་བཞིའི་སྐྱེ་བ་མེད་པའི་དམ་བཅའ་མཛད་པས་རང་བཞིན་གྱིས་སྐྱེ་མེད་ཀྱི་དམ་བཅའ་མཛད་པར་འགྱུར་ཏེ། རང་བཞིན་གྱིས་སྐྱེ་ན་བཞི་པོ་གང་རུང་དུ་སྐྱེ་དགོས་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:དགག་པ་གཉིས་ཀྱི་རྣམ་གཞག་
|; |@@@ | | }}