24056
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྗེས་ཁྱབ་གྲུབ་པ་ལ་སྔོན་དུ་འགྲོ་དགོས་པའི་ཚད་མ་གསུམ་གྱི་ནང་གསེས་ཏེ། སྦྱོར་བ་དེའི་དགག་བྱའི་ཆོས་ལ་རྟགས་འགོག་པ་སྟེ་དགག་བྱའི་ཆོས་ལ་རྟགས་དེ་མེད་པར་རྟོགས་པའི་ཚད་མ་ཞིག དཔེར་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་པའི་རྟགས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་རྟག་པ་ལ་བྱས་པ་འགོག་པའི་ཚད་མ་ལྟ་བུ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། གསུམ་པ་མ་གྲུབ་ན། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པར་ཐལ། གཞལ་བྱ་ཚད་མས་གྲུབ། རྟག་མི་རྟག་དངོས་འགལ་ཡིན་པའི་ཕྱིར། མ་ཁྱབ་ན། སྦྱོར་བ་སྐོར་གཅིག་པོ་དེའི་རྗེས་ཁྱབ་ཚད་མས་ངེས་པ་ལ་ཚད་མ་གསུམ་པ་སྔོན་དུ་འགྲོ་མི་དགོས་པ་འགལ། དེ་བཞིན་དུ་རྟག་པའི་རྟགས་ཀྱིས་ནམ་མཁའ་མ་བྱས་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་པ་ལ་ཡང་ཚད་མ་གསུམ་སྔོན་དུ་འགྲོ་དགོས་ཏེ། བྱས་མ་བྱས་དངོས་འགལ་དུ་ངེས་པའི་ཚད་མ། རྟག་པ་ངེས་བྱེད་ཀྱི་ཚད་མ། བྱས་པ་ལ་རྟག་པ་འགོག་པའི་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པའི་ཕྱིར། |
Domain | ཚད་མ། |
{{#arraymap:དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དེ་སྒྲུབ་ཀྱི་སྦྱོར་བ་དེའི་དགག་བྱའི་ཆོས་དང་རྟགས་ཀྱི་གཞི་མཐུན་ནམ། རྟགས་དེ་དགག་བྱའི་ཆོས་དེ་ལ་ཡོད་པར་འགོག་པའི་ཚད་མ་ཞིག་ལ། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་ཞེས་ཟེར། དེ་ཡང་རྟགས་དེའི་ལྡོག་ཁྱབ་གྲུབ་པ་ལ་ཚད་མ་འདི་ངེས་པར་དུ་དགོས་ཏེ། རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་། བསྒྲུབ་ཆོས་དགག་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་གཉིས་ཡོད་ཀྱང་། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་མེད་ན་རྟགས་དེའི་ལྡོག་ཁྱབ་མི་འགྲུབ་པའི་དཔེ་ནི། སྒྲ་མི་རྟག་སྒྲུབ་ལ་གཞལ་བྱ་རྟགས་སུ་བཀོད་པའི་ཚེ་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་། བསྒྲུབ་ཆོས་དགག་ཆོས་དངོས་འགལ་ངེས་པའི་ཚད་མ་གཉིས་ཀ་ཡོད་ཀྱང་དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་མེད་པས་ལྡོག་ཁྱབ་མི་འགྲུབ་ཅེས་གསུངས་པ་ཡིན་ཏེ། རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་རྣམ་ངེས་ཊཱིཀ་ཆེན་དགོངས་པ་རབ་གསལ་ལས། གཏན་ཚིགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་དང། བསྒྲུབ་བྱའི་ཆོས་དང་དགག་བྱའི་ཆོས་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དངོས་འགལ་དུ་ངེས་པའི་ཚད་མ་དང་གསུམ་ངེས་པར་དགོས་ཏེ། ཞེས་དང། ཡང་མཚན་གཞི་ངེས་པའི་ཚད་མ་དང། དངོས་འགལ་ངེས་པའི་ཚད་མ་གཉིས་ཀྱིས་ཆོག་ན། གཞལ་བྱ་དེ་མི་རྟག་པ་ཁོ་ན་ལ་ཡོད་པར་ཐལ། གཞལ་བྱ་ངེས་པའི་ཚད་མ་དང་། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེ་འདོད་མི་ནུས་པ་ནི། རྟག་པ་ལ་གཞལ་བྱ་འགོག་པའི་ཚད་མ་མེད་པས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། |
{{#arraymap:དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་
|; |@@@ | | }}