24074

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་སྒྲུབ་ཀྱི་ཡུལ་ (1)
Part of speech མིང་ཚིག
Definition མདོ། ཚད་མ། རྫས་ནི་དངོས་པོ་ལས་གཞན་མིན། །གཞན་སེལ་ལས་གཞན་ལྡོག་པ་མེད། །དེས་ན་རྫས་ལྡོག་གཅིག་ཉིད་དུ། །འཁྲུལ་པ་ཉིད་ལ་དགག་སྒྲུབ་བྱེད། །ཅེས་བྱ་བ། སྒྲ་དོན་ལ་དགག་སྒྲུབ་བྱས་པས་རང་མཚན་ལ་གོ་བའི་འཐད་པ་དང་། དངོས་པོ་དང་ལྡོག་པ་གཉིས་པོ་དེའང་འཆད་པའི་ཚེ་སོ་སོར་འབྱེད་ལ་ཐ་སྙད་ཀྱི་ཚེ་གཅིག་ཏུ་འཁྲུལ་ནས་འཇུག་ཡུལ་གོ་བར་འཐད་དོ། །ཞེས་དང་། རྩ་བར། ཡོད་མེད་གཉི་ག་ལ་བརྟེན་ནས། །སྒྲ་དོན་གསུམ་གྱིས་ཆོས་གཉིས་བསྒྲུབ། །ཅེས་བྱ་བ། ཡོད་པའི་ཆོས་དངོས་པོའི་ཉེར་ལེན་ཅན་བུམ་པ་ལ་སོགས་པ་དང་། མེད་པའི་ཆོས་དངོས་པོའི་ཉེར་ལེན་ཅན་མ་ཡིན་པ་རི་བོང་གི་རྭ་ལ་སོགས་པ་དང་། གཉི་གའི་ཆོས་གཉིས་ཀར་གཞན་སེལ་གྱིས་སྒྲོ་གདགས་སུ་རུང་བ་ཤེས་བྱ་ལ་སོགས་པའོ། །དེ་སྐད་དུའང་། ཐོག་མེད་བག་ཆགས་ལས་བྱུང་བའི། །རྣམ་པར་རྟོག་པས་ཡོངས་བསྒྲུབ་པ། །ཡོད་མེད་གཉིས་ཀ་ལ་བརྟེན་པའི། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །ཞེས་གསུངས་པ་ལྟར་རོ། །གསུམ་པོ་དེའང་ཕྱི་རོལ་དུ་ཞེན་ནས་ཡུལ་དུ་འཇོག་ལ་དེ་ལྟ་བུའི་ཡུལ་གསུམ་གྱི་སྒྲ་དོན་ལ་བརྟེན་ནས་ཆོས་གཉིས་བསྒྲུབ་པ་ནི་དོན་དང་ཐ་སྙད་ཡིན་ཞིང་། དེ་དག་ལའང་། དོན་ཡོད་པ་དང་མེད་པ་གཉིས་དང་། ཐ་སྙད་ཡོད་པ་དང་མེད་པ་བསྒྲུབ་པ་གཉིས་གཉིས་བཞི་ཡིན་ནོ། །དེའང་རྟགས་གསུམ་པོའི་དོན་ལ་དགག་སྒྲུབ་བྱེད་ན་དོན་དང་། ཐ་སྙད་ལ་དགག་སྒྲུབ་བྱེད་ན་ཐ་སྙད་བསྒྲུབ་པ་ཡིན་ནོ། །འདི་དེའི་བདག་ཉིད་ཀྱི་འབྲེལ་བ་ལ་བརྟེན་པས་རང་བཞིན་གྱི་རྟགས་ཡིན་ཡང་དགག་བྱ་འགོག་པའི་ཚེ་མི་དམིགས་པའི་བྱེ་བྲག་ཏུའང་འགྱུར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
Domain ཆོས་ལུགས།

{{#arraymap:དགག་སྒྲུབ་ཀྱི་ཡུལ་

|; |@@@ | | }}