24107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་བ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ། །ཕྱོགས་བཅུའི་མུན་སེལ་ལས། སྒྲོན་གསལ་ལས། དགའ་བ་དང་། མཆོག་དགའ་དང་། ལྷན་ཅིག་སྐྱེས་དགའ་དང་། དགའ་བྲལ་གྱི་དགའ་བ་བཞིའོ། །དེའང་རེ་རེ་བཞིན་དགའ་བའི་དགའ་བ་ལ་སོགས་པ་བཅུ་དྲུག་གོ ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དགའ་བ་བཞི་

|; |@@@ | | }}

དགའ་བ་བཞི་ (2)
Part of speech མིང་ཚིག
Definition གཞི་ཐུན་མོང་གི་དགའ་བ་དང་། འཇིག་རྟེན་པའི་དགའ་བ་དང་། དགའ་བའི་དགའ་བ་དང་། བསམ་གྱིས་མི་ཁྱབ་པའི་དགའ་བ་སྟེ། གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། དགའ་བ་ལ་རྣམ་དབྱེ་བཞི་ལས། གཞི་ཐུན་མོང་གི་དགའ་བ་ནི། འདོད་པ་ཁམས་པ་འདོད་ཆགས་ཀྱི་བདེ་བ་ལ་ཉེ་བར་སྤྱོད་པའོ། །འཇིག་རྟེན་པའི་དགའ་བ་ནི་ཁམས་གོང་མ་གཉིས་ཀྱི་བསམ་གཏན་གྱི་བདེ་བ་ལ་ཉེ་བར་སྤྱོད་པའོ། །དགའ་བའི་དགའ་བ་ནི་ས་དང་པོ་བདེན་པ་མཐོང་བའི་དགའ་བ་སྟེ། ཟག་པ་མེད་པའི་བདེ་བ་ལ་ཉེ་བར་སྤྱོད་པའོ། །བསམ་གྱིས་མི་ཁྱབ་པའི་བདེ་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་པས་བླང་དོར་མེད་པའི་བདེ་བ་ལ་ལོངས་སྤྱོད་པ་སྟེ། དེ་ཉིད་དགའ་བ་སྔ་མ་གསུམ་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་སྟེ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེར་ལྷུན་གྱིས་གྲུབ་པ་དེ་ཕལ་གྱི་ཡུལ་མ་ཡིན། ཞེས་གསུངས།

{{#arraymap:དགའ་བ་བཞི་

|; |@@@ | | }}

དགའ་བ་བཞི་ (3)
Part of speech མིང་ཚིག
Definition རྣལ་འབྱོར་བླ་མེད་རྒྱུད། བཀའ་བརྒྱུད། ༡ཀུན་ཏུ་དགའ་བ། ༢ མཆོག་ཏུ་དགའ་བ། ༣ ཁྱད་པར་དགའ་བ། ༤ ལྷན་སྐྱེས་དགའ་བ་བཅས་བཞི་ལའོ། །སྤྱིར་རྩ་གནས་ཀྱི་དམར་ཆ་ཁྲག་གཡོས་པའི་དྲོད་ཀྱིས་དཀར་ཆ་ཀུནྡ་ལྟ་བུ་ཞུ་ཞིང་། ཁྱད་པར་དྷུ་ཏིའི་ནང་གི་དམར་ཆའི་དྭངས་མ་གཡོས་པ་དེས་དཀར་ཆའི་དྭངས་མ་བསྐུལ་བ་ལས་ལུས་སེམས་ལ་ཚོར་བ་སིམ་པར་སྣང་བའི་ཞུ་བདེ་ཚད་མེད་པ་བསྐྱེད་དེ། དེས་སྡུག་བསྔལ་དང་རྣམ་རྟོག་བཅོམ་ནས་དགའ་བ་བཞི་སྐྱེའོ། །དེ་ཡང་དྭངས་མ་ཞུ་བའི་ཐིག་ལེ་མགྲིན་པ་སོགས་འཁོར་ལོ་བཞིར་རིམ་པར་བབས་པ་ལས་སྐྱེས་པའི་ཚོར་བ་སིམ་པར་མྱོང་བ་ལ་ཡས་བབས་ཀྱི་དགའ་བ་དང་། གསང་གནས་ནོར་བུ་རྩེ་ནས་སླར་ཡང་གྱེན་ལྡོག་གིས་རིམ་པར་ཁྱབ་པ་ལས་མས་བརྟན་གྱི་དགའ་བ་བཞི་སྐྱེའོ། །དེ་ཡང་སྤྱི་བོའི་རྩ་འཁོར་ཁྱབ་པ་ལས་དགའ་བ། མགྲིན་པར་ཁྱབ་པ་ལས་མཆོག་དགའ། སྙིང་ཁར་ཁྱབ་པ་ལས་ཁྱད་དགའ། ལྟེ་བ་ནས་ནོར་བུའི་རྩེ་མོ་མ་འཕོས་པར་ཁྱབ་པ་ལས་ལྷན་སྐྱེས་ཀྱི་དགའ་བ་འབྱུང་བ་སོགས་ནས། སླར་ཡང་ལུགས་ལྡོག་གི་དེ་བཞི་རིམ་བཞིན་སྐྱེ་བ་རྗེ་བཙུན་སྟག་ལུང་པ་ཡབ་སྲས་རྣམས་ཀྱིས་གསུངས་སོ། །

{{#arraymap:དགའ་བ་བཞི་

|; |@@@ | | }}

དགའ་བ་བཞི་ (4)
Part of speech མིང་ཚིག
Definition དུས་འཁོར་སྦྱོར་དྲུག དགའ་བའི་དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་དགའ་དང་བཞིའོ། །

{{#arraymap:དགའ་བ་བཞི་

|; |@@@ | | }}