24113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་བ་ཚད་མེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཚད་མེད་གང་ཞིག བདེ་བ་དང་མི་བྲལ་བར་འདོད་པས་རབ་ཏུ་ཕྱེ་བ། དགའ་བ་ཚད་མེད་ཀྱི་མཚན་ཉིད།
Domain ཆོས་ལུགས།
དགའ་བ་ཚད་མེད་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཚད་མེད་བཞི་པོ་གང་རུང་ཡང་ཡིན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་བྱུང་ཞིང་རང་གི་དམིགས་པར་གྱུར་པའི་སེམས་ཅན་ཚད་མེད་པ་བདེ་བ་དང་མི་བྲལ་བར་འདོད་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་སེམས་བྱུང་དུ་དམིགས་པ། དགའ་བ་ཚད་མེད་ཀྱི་མཚན་ཉིད།
དགའ་བ་ཚད་མེད་ (3)
Part of speech མིང་ཚིག
Definition ཚད་མེད་བཞིའི་ཡ་གྱལ་ཏེ། དམིགས་པ་སེམས་ཅན་ཚད་མེད་པ་ལ་དམིགས་ནས། རྣམ་པ་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་བྱའོ་སྙམ་དུ་སེམས་པའོ། །དེ་ཡང་གཞན་གྱི་ཕུན་ཚོགས་པ་ལ་མི་དགའ་བའི་གཉེན་པོ་ཡིན་པའི་ཕྱིར་ཡིད་བདེ་བའི་རང་བཞིན་ནོ། །འདི་ས་ནི་བསམ་གཏན་དང་པོ་དང་གཉིས་པ་ན་ཡོད་དེ། ཡིད་བདེ་བ་ཡིན་པའི་ཕྱིར་རོ། །ལུས་རྟེན་ནི་མི་དག་གི་ནང་དུ་སྐྱེད་ཀྱི། གཞན་དུ་ནི་མ་ཡིན་ཏེ། དེ་དག་བློ་མི་གསལ་བས་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །