From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། བྱང་ཆུབ་ཀྱི་ཕན་ཡོན་གྱི་ཡན་ལག་གང་ཞིག ཆོས་ཀྱི་སྣང་བས་ལུས་སེམས་ཚིམ་པར་བྱེད་པའི་སེམས་བྱུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །བྱང་ཆུབ་ཀྱི་ཕན་ཡོན་གྱི་ཡན་ལག་ཏུ་གྱུར་པའི་དགའ་བ་དེ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་མཚན་ཉིད་དོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|
| Domain
|
ཆོས་ལུགས།
|
དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ (2)
| Part of speech
|
མིང་ཚིག
|
| Definition
|
དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ནོར་བུ་རིན་པོ་ཆེ་དང་ཆོས་མཚུངས་ཏེ། ནོར་བུ་རིན་པོ་ཆེ་དེས་སྣང་བའི་ཁྱད་པར་སོགས་ཀྱི་སྒོ་ནས་དགའ་བ་སྟེར་བར་བྱེད་པ་ལྟར་དུ་འདིས་ཀྱང་ཆོས་ཀྱི་སྣང་བ་སྟེར་བ་སོགས་ཀྱི་སྒོ་ནས་དགའ་བ་སྟེར་པའི་ཕྱིར།
|