From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དགའ་བཞི་འཕྲུལ་གྱི་ལྷ་ཁང་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ར་ས་འཕྲུལ་སྣང་གཙུག་ལག་ཁང་ལ་དགའ་བཞི་གྲགས་པ་འདི་ལྟ་སྟེ། ༡ སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་དགའ། ༢ ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་དགའ། ༣ ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་པོ་དགའ། ༤ རེའུ་མིག་རིས་སུ་བྱས་པས་བོད་འབངས་དགའ། ཞེས་དང་།
|
དགའ་བཞི་འཕྲུལ་གྱི་ལྷ་ཁང་ (2)
| Part of speech
|
མིང་ཚིག
|
| Definition
|
ཡང་གཙུག་ལག་ཁང་ཐོག་མར་བཞེངས་སྐབས་ལྷ་དང༌། ཀླུ། མི། གནོད་སྦྱིན་བཅས་དགའ་བས་མིང་དེ་ལྟར་དུ་བཏགས་པའི་བཤད་ཚུལ་ཡོད།
|