24145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་བའི་སེམས་བསྐྱེད་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་གང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ སེམས་ཅན་རྣམས་ནི། འཁོར་བ་ན་གནས་ཤིང་བརྩོན་འགྲུས་མི་རྩོམ་པར་མཐོང་ལ། བདག་ཉིད་ནི། སངས་རྒྱས་ཀྱི་ལམ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ། ༢ སེམས་ཅན་རྣམས་ནི། རྟག་པར་ལེ་ལོ་ཅན་དུ་གྱུར་པར་མཐོང་ལ། བདག་ཉིད། སངས་རྒྱས་ཀྱི་བསྟན་པ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་བསྒོམ་པས་དགའ་བའི་སེམས་སྐྱེ་བར་འགྱུར་བ། ༣ སེམས་ཅན་རྣམས་ནི། ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། ཕྲག་དོག་ཅན་དུ་འགྱུར་པར་མཐོང་ལ། བདག་ཉིད་ནི། ཁོང་ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། ཕྲག་དོག་མེད་ཅིང་རྟག་པར་བྱམས་པའི་སེམས་དང་ལྡན་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ། ༤ སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་པར་བརྩོན་པར་གཞན་སུ་ཡང་བདག་དང་མཚུངས་པ་མེད་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བའོ། །
Domain ཆོས་ལུགས།

{{#arraymap:དགའ་བའི་སེམས་བསྐྱེད་པའི་ཆོས་བཞི་

|; |@@@ | | }}