24191
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དགའ་རྒྱལ་དགོན་ནི། ཀེ་སར་བླ་མ་པདྨ་རང་གྲོལ་གྱིས་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ལོ་ཕྱི་ལོ་ ༡༧༦༢ ལོར་བཏབ། བར་སྐབས་སུ་ཅུང་ཉམས་ཉེས་སུ་གྱུར་ནའང་རྗེ་དྲུང་བྱམས་པ་འབྱུང་གནས་ཀྱི་དངོས་སློབ་ཐུགས་སྲས་རྟོགས་ལྡན་བཀྲ་ཤིས་འབུམ་རྒྱལ་གྱིས་གནས་འདིར་བསྙེན་སྒྲུབ་དང་། བསྟན་པ་བརྒྱུད་འཛིན། ཉེ་སྐོར་གྱི་གདུལ་བྱ་རྣམས་ལ་གསོན་གཤིན་དགེ་བའི་མཛད་པ་སོགས་གནང་། དུས་འགྱུར་གྱི་སྐབས་སུ་ལུང་པ་འདིའི་སྟོད་སྨད་བར་གསུམ་དུ་བླ་མ་གཞོན་ནུ་རིན་པོ་ཆེ་དང་། མཆོག་སྤྲུལ་པདྨ་རྣམ་རྒྱལ། རིག་འཛིན་ཚེ་དབང་རྡོ་རྗེ་རྣམས་གཏན་བཞུགས་ཀྱིས་ངེས་དོན་སྙིང་པོའི་ཉམས་ལེན་རྟོགས་པའི་བསྟན་པ་མ་ནུབ་པར་བུམ་ནང་གི་མར་མེ་བཞིན་སྦར་བར་མཛད། བསྟན་པ་བསྐྱར་གསོའི་སྐབས་མཆོག་སྤྲུལ་པདྨ་རྣམ་རྒྱལ་རིན་པོ་ཆེ་དང་། རིག་འཛིན་ཚེ་དབང་རྡོ་རྗེ་ལྷན་རྒྱས་ནས་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་དོན་དུ། ཕྱི་ལོ་ ༡༩༨༤ ལོར་དགོན་པ་བསྐྱར་བཞེངས་དང་བསྟན་པའི་སྙིང་པོ་བཤད་སྒྲུབ་ཀྱི་སྡེ་གསར་འཛུགས་མཛད། ཀཿཐོག་མཁན་ཆེན་པདྨ་རང་གྲོལ་གྱི་དངོས་སློབ། བླ་མ་མགོན་པོ་ཚེ་ཐར་གདན་དྲངས་ཏེ། སུམ་རྟགས་དག་གསུམ་སོགས་སློབ་ཁྲིད་གནང་། ཀཿཐོག་མཁན་ཆེན་ཚུལ་ཁྲིམས་མཐར་ཕྱིན་ཆེད་དུ་གདན་དྲངས་ཏེ་ན་གཞོན་རྣམས་རབ་ཏུ་བྱུང་ཞིང་། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གནང་སྟེ་འཆད་ཉན་གྱི་སྲོལ་བཙུགས། ཀཿཐོག་མཁན་ཆེན་འཇམ་དབྱངས་རྒྱལ་མཚན་དང་། མཁན་ཚེ་རིང་རྡོ་རྗེ་གཉིས་ཀྱིས་སྔ་འགྱུར་བཀའ་མ་དང་སྙིང་ཐིག་ཡ་བཞི་དབང་ཁྲིད་གནང་། ཀཿཐོག་པའི་ཆོས་བརྒྱུད་འཛིན་པའོ། ། |
{{#arraymap:དགའ་རྒྱལ་དགོན་
|; |@@@ | | }}