24200

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་ལྡན་གསེར་ཁྲི་དགུ་པ་ (1)
Part of speech མིང་ཚིག
Definition རྗེ་དབོན་བློ་བཟང་ཉི་མ་ནི། ཕྱི་ལོ་ ༡༤༣༩ རབ་བྱུང་བདུན་པའི་ས་མོ་ལུག་ལ་ཙོང་ཁར་རྗེ་རིན་པོ་ཆེའི་སྐུ་ཚ་ཞིག་གི་སྲས་སུ་འཁྲུངས། སྒོ་མང་དུ་མཁས་པ་མུས་སྲད་པ་དང་། སློབ་དཔོན་སྟག་ལེབ་བྱང་རྒྱལ་བ། སློབ་དཔོན་གྲགས་འོད། གཙང་དུ་རྗེ་དགེ་འདུན་གྲུབ་སོགས་བསྟེན། གསང་ཕུར་པོ་ཏི་ཉེར་གཉིས་ཀྱི་གྲྭ་སྐོར་མཛད། དགེ་བཤེས་རྩེ་ཉག་པའམ་བསོད་ནམས་འོད་ཟེར་རྩོད་པས་བཅོམ། ར་བ་སྟོད་པའི་འཆད་ཉན་མཛད། འབྲས་སྤུངས་ཀྱི་གདན་ས་ལོ་ངོ་བཞིར་ལེགས་པར་བསྐྱངས། དགུང་ལོ་ཞེ་གསུམ་པ་ལྕགས་གླིང་ལོར་གསང་ཕུ་གླིང་སྨད་ཆོས་རྗེ་མཛད། དགུང་གྲངས་ང་གཉིས་པ་ཕྱི་ལོ་ ༡༤༩༠ རབ་བྱུང་བརྒྱད་པའི་ལྕགས་ཁྱི་ལ་དགའ་ལྡན་ཁྲིར་ཕེབས། ང་བཞི་པ་ཕྱི་ལོ་ ༡༤༩༢ རབ་བྱུང་བརྒྱད་པའི་ཆུ་བྱི་བར་དུ་གསེར་ཁྲིར་འགྲོ་དོན་བསྐྱངས་ཏེ་ལོ་དེར་གཤེགས་སོ། །

{{#arraymap:དགའ་ལྡན་གསེར་ཁྲི་དགུ་པ་

|; |@@@ | | }}