24201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་ལྡན་གསེར་ཁྲི་བཅུ་བཞི་པ་ (1)
Part of speech མིང་ཚིག
Definition རིན་ཆེན་འོད་ཟེར་ནི། ཕྱི་ལོ་ ༡༤༥༣ རབ་བྱུང་བརྒྱད་པའི་ཆུ་བྱ་ལོར་སྟོད་ལུང་མདའི་ཞིང་བཟང་དུ་འཁྲུངས། འབྲས་སྒོ་མང་དུ་ཆོས་རྗེ་རིན་ཆེན་བྱང་ཆུབ་ལས་རབ་ཏུ་བྱུང་སྟེ་མཚན་ཡང་རིན་ཆེན་འོད་ཟེར་བཏགས། ཉི་སྡིངས་སུ་དྲུང་གཟིམ་ཆེན་མོ་ལས་བསྙེན་པར་རྫོགས། དགུང་གྲངས་ཞེ་དྲུག་པ་ས་རྟ་ལ་རྒྱུད་པའི་ཁྲིར་ཕེབས། ང་དགུ་པ་ལྕགས་ལུག་ལ་བྱང་རྩེར་ཕེབས། རེ་ལྔ་པ་མེ་གླང་ལ་སྤྱིལ་བུའི་གདན་སར་བསྟན་རྩིས་གསལ་བའི་སྒྲོན་མེ་ཞེས་བྱ་བ་ལེགས་པར་བརྩམས། རྒྱ་ར་ཆོས་སྐྱོང་རྒྱ་མཚོ། རྗེ་རྒྱལ་མཚན་བཟང་པོ། ཆོས་གྲགས་བཟང་པོ་སོགས་བུ་སློབ་མང་ཞིང་། དགུང་གྲངས་བདུན་ཅུར་ཕེབས་པ། ཕྱི་ལོ་ ༡༥༢༢ རབ་བྱུང་དགུ་པའི་ཆུ་རྟ་ལོར་གསེར་ཁྲིར་ཕེབས། དོན་བདུན་ལ་མཁས་མཆོག་བསོད་ནམས་གྲགས་པ་ཁྲིར་བཀོད་དེ་རང་ཉིད་ཟུར་བཞུགས་མཛད། དགུང་ལོ་གྱ་བརྒྱད་པ། ཕྱི་ལོ་ ༡༥༤༠ རབ་བྱུང་དགུ་པའི་ལྕགས་བྱི་ལ་སྲས་ཁང་དགོན་པའི་ཤར་རྩེར་སྐུ་གཤེགས།

{{#arraymap:དགའ་ལྡན་གསེར་ཁྲི་བཅུ་བཞི་པ་

|; |@@@ | | }}