24204

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་ལྡན་གསེར་ཁྲི་ཞེ་དྲུག་པ་ (1)
Part of speech མིང་ཚིག
Definition བསམ་བློ་སྦྱིན་པ་རྒྱ་མཚོའམ་མཚན་གཞན་ངག་དབང་དཔལ་བཟང་མཆོག་ནི། ཁྲི་ཀའི་ས་ཆར་རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ ༡༦༢༩ ལོར་སྐུ་འཁྲུངས། ལ་མོ་ཞབས་དྲུང་སྔ་མ་ལ་སྐྲ་ཕུད་ཕུལ་ཞིང་། གྲྭ་ཚང་ཆོས་རྗེ་ལས་རབ་ཏུ་བྱུང་། དབུས་སུ་ཕེབས་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། དཔོན་སློབ་རྒ་རུ་ལའང་ཆོས་ཞུས། དཔོན་སློབ་ཧོར་རིན་པོ་ཆེ་ལ་དབུ་ཕར་འདུལ་མཛོད་བཞི་ལ་གསན་པས་མཁས་པའི་གྲགས་པ་རྒྱས། དེ་ནས་རྒྱུད་ལ་ཕེབས། ལོ་ལྔའི་བར་དུ་འགྲེལ་བ། བསྐྱེད་རྫོགས་ཆེན་མོ་གཉིས། ཊཱི་ཀ་ཆེ་ཆུང་གཉིས་སོགས་གསན་པས་མདོ་སྔགས་གཉིས་ཀའི་ཕ་རོལ་ཏུ་སོན། དགུང་གྲངས་ལྔ་བཅུ་ང་གཉིས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་ ༡༦༨༠ ལོའི་བོད་ཟླ་ལྔ་བར་རྒྱུད་སྨད་གྲྭ་ཚང་གི་ཁྲིར་ཕེབས། དགུང་ལོ་རེ་བཞི་བ་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ ༡༦༩༢ ལོར་དགའ་ལྡན་གསེར་ཁྲི་ལ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་རེ་བདུན་པ་ཤིང་ཕག་ ༡༦༩༤ ལོར་ཞི་བར་གཤེགས། གསུང་ལས་སྐྱེས་པའི་སློབ་མ་མང་།

{{#arraymap:དགའ་ལྡན་གསེར་ཁྲི་ཞེ་དྲུག་པ་

|; |@@@ | | }}